འདི་་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ8ཚེས6ཉིན། ཆབ་མདོ་གྲོང་ཁྱེར་གྱི་གྲོང་ཁུལ་སྔོ་ལྗང་དང་སྐྱེད་ཚལ་མཛེས་བཟོའི་སྐོར་གྱི་ཆེད་དོན་ཚོགས་འདུ་འཚོགས་ནས། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་ལས་དོན་སྐོར་གྱི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། ཆབ་མདོའི་གྲོང་ཁུལ་སྔོ་ལྗང་དང་སྐྱེད་ཚལ་མཛེས་བཟོའི་གཙོ་གནད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་ཞིང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་་གསུང་བཤད་གནང་བ་རེད། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་གྲོང་ཁྱེར་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་གྲོང་ཁྱེར་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད།《ཆབ་མདོ་གྲོང་ཁྱེར་གྱི་གྲོང་ཁུལ་སྔོ་ལྗང་དང་སྐྱེད་ཚལ་མཛེས་བཟོའི་སྐོར་གྱི་འཆར་གཞི》རྩོམ་སྒྲིག་གི་གནས་ཚུལ་སྙན་ཞུ་དང་འབྲེལ་ཡོད་ཕྱོགས་ཁག་གི་བསམ་འཆར་དང་གྲོས་འགོ་ལ་གསན་པ་རེད།
ལའོ་ཆིན་འུའུ་ཡིས་མི་དམངས་ཀྱི་གྲོང་ཁྱེར་ཞེས་པའི་འདུ་ཤེས་བརྟན་པོར་བསྐྱེད་དེ། གྲོང་ཁྱེར་གྱི་ངེས་གནས་དང་འཕེལ་རྒྱས་ཀྱི་དུས་མཚམས་ཏག་ཏག་བརྙེད་པ་དང་བསམ་བློའི་ངོས་འཛིན་གཅིག་གྱུར་བྱས་ནས་གྲོང་ཁྱེར་གྱི་འཕེལ་རྒྱས་དང་བཅོས་སྐྱོང་གི་དཀའ་གནད་ལ་གཞིགས་ནས། འགན་འཁྲི་ཁག་བགོས་དང་བྱེད་པོའི་འགན་འཁྲི་ལྷུར་ལེན་གྱིས་རིམ་པ་བཞིན་དུ་སྤུས་དག་གི་སྒོ་ནས་གྲོང་ཁུལ་སྔོ་ལྗང་དང་སྐྱེད་ཚལ་མཛེས་བཟོའི་རྣམ་གྲངས་ཨར་ལས་ལ་སྐུལ་འདེད་གཏོང་དགོས། སྤྱི་ཡོངས་ལ་འཆར་འགོད་ལེགས་པར་བྱས་ཏེ་གྲོང་ཁྱེར་ལ་ཁྱོན་ཡོངས་ནས་ཞིབ་བཤེར་གྱིས་མ་འདང་ས་ལ་དམིགས་ནས་བཅོས་སྐྱོང་གནད་སྨིན་བྱ་དགོས་པ་དང་། སྔོ་ལྗང་མཛེས་བཟོ་ནི་གྲོང་ཁྱེར་གསར་སྒྱུར་དང་སྡེ་ཁུལ་འཛུགས་སྐྲུན། ཆུ་འགྲམ་གྱི་ས་སྟོང་བཟོ་བཅོས་བྱེད་པའི་བརྒྱུད་རིམ་ཀུན་ལ་ཁྱབ་པར་བྱ་དགོས། མཐར་ལུས་ཀྱི་ས་སྟོང་བེད་སྤྱོད་ལེགས་པར་བྱས་ཏེ་གྲོང་ཁྱེར་གྱི་བྱེད་ནུས་བཀོད་པ་ལེགས་སུ་བཏང་ནས། གྲོང་ཁྱེར་གཙང་ཞིང་གྲལ་དག་པ་དང་སྐྱེད་ཚལ་མཛེས་ཤིང་ལྟ་ན་སྡུག་པ་སོགས་ཆབ་མདོའི་གྲོང་ཁྱེར་གྱི་སྐྱེ་ཁམས་སྤུས་བཟང་ལ་གྲོང་མི་རྣམས་བདེ་ཞིང་སྐྱིད་པའི་ཕན་བདེ་བསྐྲུན་དགོས་པའི་ནན་བཤད་གནང་ཡོད།

