འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ8ཚེས7ཉིན་གྱི་ཕྱི་དྲོ། ཆབ་མདོ་གྲོང་ཁྱེར་གྱི“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་སྡུར་བྱེད་སྒོའི་གྲོང་ཚོའི་ལས་བྱེད་པ་དང་གྲོང་ཚོའི་མང་ཚོགས་ཀྱིས་མཉམ་དུ་གཏམ་རྒྱུད་བཤད་པའི་འགྲན་སྡུར་གཉེར་བ་རེད། གྲོང་ཁྱེར་ཡོངས་ཀྱི་རྫོང་ཆུས11ནས་ཡོང་བའི་འགྲན་ཞུགས་པ་ཚོས་སེམས་འགུལ་ཐེབས་པའི་གཏམ་རྒྱུད་མང་པོ་བཤད་དེ་ཆབ་མདོའི་འཕོ་འགྱུར་དང་དུས་རབས་ཀྱི་སྐལ་བཟང་ལྷུག་པོར་གླེང་ཡོད།
འགྲན་སྡུར་སྤེལ་ཡུལ་དུ་ལྟད་མོ་ཧ་ཅང་ཆེ་སྟེ། འགྲན་ཞུགས་པ་རྣམས་ཀྱིས་བཤད་པའི་གཏམ་རྒྱུད་ནི་དུས་ཀྱི་འཕོ་འགྱུར་ལ་བསྟོད་པའི་ཟོལ་མེད་ཀྱི་བསྔགས་བརྗོད་ཡོད་ལ་མི་སྒེར་གྱི་བརྩོན་འགྲུས་དང་ཕངས་པ་མེད་པའི་ལེགས་སྐྱེས་ཇི་བཞིན་བརྗོད་པའི་བྱུང་བ་ཡང་ཡོད། དེ་དག་གི་ནང་ནས་རི་བོ་ཆེ་རྫོང་གི་འཐུས་ཚབ་ཀྱིས་བཤད་པའི《འགགས་པ་མེད་པའི་ཤྭ་བའི་སྐད》ཅེས་པ་ལས་བྱམས་བརྩེའི་བདག་མོ་བྱང་ཆུབ་ལྷ་མོའི་ཞུམ་པ་མེད་པའི་སྙིང་རུས་དང་བཀའ་དྲིན་སྙིང་བཅངས་ཀྱིས་མདུན་ལ་སྐྱོད་པའི་མི་ཚེའི་བརྒྱུད་རིམ་ཇི་བཞིན་བསྟན་ཡོད་པས་ཡུལ་དངོས་ཀྱི་ལྟད་མོ་བ་ཀུན་ལ་སེམས་འགུལ་ཆེན་པོ་ཐེབས་ཡོད་པ་རེད།
འགྲན་སྡུར་གྱི་མཐའ་མཇུག་ལ་རི་བོ་ཆེ་རྫོང་གི་འགྲན་ཞུགས་པ་ལ་ཨང་དང་པོ་ཐོབ་པ་དང་། ཁ་རུབ་ཆུས་ལ་ཨང་གཉིས་པ་དང་དཔའ་ཤོད་རྫོང་གི་འགྲན་ཞུགས་པ་ལ་ཨང་གསུམ་པ་ཐོབ་ཡོད་པ་རེད།
ཐེངས་འདིའི་འགྲན་སྡུར་ནི་གཏམ་གྱི་སྒྱུ་རྩལ་ངོམས་པའི་སྟོན་མོ་ཞིག་ཡིན་ལ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་གསར་བརྗེའི་བློ་སྣ་འདྲོངས་པའི་ལམ་སྟོན་ཞིག་ཀྱང་ཡིན། ཉེ་འཁོར་གྱི་མི་དང་བྱ་བ་སོགས་བརྗོད་པ་བརྒྱུད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཐམས་ཅད་བློ་སེམས་ཏང་ལ་དཀར་ཞིང་འབད་འབུངས་ཡར་བརྩོན་དང་དུས་རབས་གསར་པར་བྱས་རྗེས་འཇོག་པའི་སྟོབས་ཤུགས་གཅིག་ཏུ་བསྡུས་ཡོད།

