国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年08月11日

“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་བསྡུར་བྱེད་སྒོ་སྐབས་གཉིས་པའི་ཁ་པར་གྱིས་པར་ལེན་དང་བརྙན་ཐུང་ལེན་པའི་འགྲན་བསྡུར་བྱེད་སྒོའི་གྲོང་ཁྱེར་རིམ་པའི་མཐའ་བསྡུར་མཇུག་སྒྲིལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་6ཉིན་གྱི་སྔ་དྲོ།“དམར་མདངས་ཆབ་མདོ།དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་བསྡུར་བྱེད་སྒོ་སྐབས་གཉིས་པའི་ཁ་པར་གྱིས་པར་ལེན་དང་བརྙན་ཐུང་ལེན་པའི་འགྲན་བསྡུར་བྱེད་སྒོའི་གྲོང་ཁྱེར་རིམ་པའི་མཐའ་བསྡུར་མཇུག་སྒྲིལ་བ་རེད།

མཐའ་བསྡུར་གྱི་ས་ཡུལ་དངོས་སུ་རྣམ་པ་འཁྲུག་ཆ་དོད་པ་དང་བརྩམས་ཆོས་རྩེ་གྲ་མང་པོ་ཁྱེར་ཡོད་པས།པར་ལེན་བརྩམས་ཆོས་ཀྱི་བཀོད་པ་ཞིབ་ཚགས་ལ་རི་མོ་གསོན་ཉམས་ལྡན་པ་ཞིག་ཡོད། ཁ་པར་གྱིས་བརྒྱབ་པའི་བརྙན་ཐུང་དེ་དག་གི་ནང་དོན་ཕུན་སུམ་ཚོགས་པ་དང་འགུལ་རྣམ་གྱི་ཐོག་ནས་ཆབ་མདོར་ཉིན་རེ་བཞིན་འཕེལ་འགྱུར་ཆེན་པོ་བྱུང་བའི་རྣམ་པ་གསར་པ་ཐོན་ཚུལ་མཚོན་ཡོད་ལ། བརྩམས་ཆོས་རེ་རེའི་ནང་ཕ་ཡུལ་ལ་དགའ་ཞེན་དང་།འཚོ་བར་དགའ་ཞེན།དུས་རབས་ལ་བསྔགས་བརྗོད་བཅས་བྱེད་པ་ཚུད་ཡོད་པ་རེད། དཔྱད་འདེམས་གང་ལེགས་བྱས་པ་བརྒྱུད་དཔལ་འབར་རྫོང་གི་བསོད་དར་རྡོ་རྗེར་ལག་ཐོགས་ཁ་པར་གྱི་པར་ལེན་འགྲན་བསྡུར་གྱི་བྱ་དགའ་ཨང་དང་པོ་ཐོབ་པ་དང་།ཁ་རུབ་ཆུས་ཀྱི་ཀུན་བཟང་ཆོས་འཕེལ་དང་བྲག་གཡབ་རྫོང་གི་ཕུན་ཚོགས་བཀྲ་ཤིས་ལ་ཁག་སོ་སོར་བྱ་དགའ་ཨང་གཉིས་པ་དང་གསུམ་པ་ཐོབ་པ་རེད།ཁ་རུབ་ཆུས་ཀྱི་ཆོས་དབྱིངས་དོན་གྲུབ་ལ་ལག་ཐོགས་ཁ་པར་གྱི་བརྙན་ཐུང་བརྩམ་ཆོས་འགྲན་བསྡུར་གྱི་བྱད་དགའ་ཨང་དང་པོ་ཐོབ་པ་་དང་ལྷོ་རོང་རྫོང་གི་བསོད་ནམས་མགོན་པོ་དང་གོ་འཇོ་རྫོང་གི་རིན་ཆེན་རྡོ་རྗེ་ལ་ཁག་སོ་སོ་བྱ་དགའ་ཨང་གཉིས་པ་དང་གསུམ་པ་ཐོབ་པ་རེད།