ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་སྡུར་བྱེད་སྒོ་སྐབས་གཉིས་པའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་འབྲི་རྩོམ་དང་གཏམ་བཤད་འགྲན་སྡུར་གྱི་གྲོང་ཁྱེར་རིམ་པའི་མཐའ་བསྡུར་འགོ་ཚུགས་པ་རེད། གྲོང་ཁྱེར་ཡོངས་ཀྱི་རྫོང་ཆུས11ནས་ཡོང་བའི་འགྲན་ཞུགས་པ་ཚོ་ཐེམ་པ་རིམ་བརྒལ་གྱིས་གྲོང་ཁྱེར་རིམ་པའི་མཐའ་བསྡུར་གྱི་སྡིངས་ཆར་ལངས་ཏེ། གསར་བརྗེའི་སྙིང་སྟོབས་བྲིས་ལ་བསྟབས་ཤིང་ཆབ་མདོའི་དར་རྒྱས་ཀྱི་གཏམ་རྒྱུད་གཏམ་དུ་སྤེལ་ཡོད།
སྔོན་ལ་འབྲི་རྩོམ་གྱི་འགྲན་སྡུར་སྤེལ་བ་དང་འགྲན་ཞུགས་པ11གིས་སེམས་པ་རྣལ་དུ་ཕབ་ནས་སྐར་མ་བཅོ་ལྔའི་ནང་ཚུན་ལ་སྨྱུག་རིམ་མ་ནོར་བར་བརྗོད་པ་དང་ཚིག་གྲུབ་སོགས་ཚད་དང་ལྡན་པའི་ཐོག་ནས་འབྲི་ཚར་དགོས་པ་དང་ ཁ་བྱང་ནི་དཔྱད་འདེམས་པས་ཡུལ་དངོས་ནས་འཐེན་ཏེ་གཏན་འཁེལ་བྱས་པ་རེད། ཡི་གེ་འབྲི་ལུགས་བྱང་ཆ་ཆེ་ལ་ཡིག་འབྲུ་རེ་རེ་ལས་གསར་བརྗེའི་དད་མོས་མངོན་པར་གསལ་ཞིང་། ཚང་མས་ཤོག་བུ་བརྟེན་དུ་བྱས་པ་དང་སྨྱུ་གུ་ཐབས་སུ་བསྟེན་ནས་ཕ་ཡུལ་དང་མེས་རྒྱལ་ལ་དགའ་བའི་བརྩེ་སེམས་ནག་པོ་འགྲོ་ཤེས་སུ་ཕབ་ཡོད། འགྲན་སྡུར་གྱི་མཐའ་ལ་ཁ་རུབ་ཆུས་ཀྱི་ཀརྨ་ཆོས་སེང་ལ་ཨང་དང་པོ་ཐོབ་པ་དང་། སྨར་ཁམས་རྫོང་གི་ངག་དབང་ཆོས་གྲགས་ལ་ཨང་གཉིས་པ་དང་ལྷོ་རོང་རྫོང་གི་ངག་དབང་ཚེ་རིང་ལ་ཨང་གསུམ་པ་ཐོབ་ཡོད་པ་རེད།
འབྲི་རྩོམ་གྱི་འགྲན་སྡུར་ཚར་རྗེས། གཙོ་དོན་གཏམ་བཤད་ཀྱི་མཐའ་བསྡུར་འགོ་བརྩམས་པ་རེད། འགྲན་ཞུགས་པ་བཅུ་གཅིག་གིས་རྒྱན་འཐེན་ཏེ་སྔ་ཕྱིའི་གོ་རིམ་ལྟར་གར་སྟེགས་ཐོག་ཕེབས་ནས། མི་རེས་སྐར་མ་དྲུག་གི་ནང་ཚུན་གཏམ་བཤད་ཚར་བར་བྱ་དགོས། དཔྱད་འདེམས་པས་གཏམ་རྒྱུད་ཀྱི་ནང་དོན་དང་གཏམ་བཤད་ལུགས། ཉམས་འདོན་སྟངས་སོགས་ཕྱོགས་ཀུན་ལ་གཞིགས་ནས་སྐར་མ་བརྒྱབ་ཡོད། འགྲན་ཞུགས་པ་ཚོས་སྤོབས་པ་གཟེངས་སུ་བཏེགས། དུང་བ་ངག་ལ་དྲངས་ཏེ། གསར་བརྗེའི་ལོ་རྒྱུས་ནས་གྲོང་གསེབ་དར་རྒྱས་ཀྱི་བར་དང་། མི་རིགས་མཐུན་སྒྲིལ་ནས་མི་སྒེར་གྱི་འཚར་ལོངས་བར་དུ་སྐར་མ་དྲུག་གི་རིང་ལ་གཏམ་བཤད་གནང་བ་དང་། ཅི་བཤད་ཐམས་ཅད་ཏང་དང་རྒྱལ་ཁབ་ལ་བཅངས་པའི་དགའ་ཞེན་མངོན་ཞིང་ཚིག་རེ་རེ་ལས་འབད་འབུངས་ཡར་བརྩོན་གྱི་སྙིང་སྟོབས་བསྟན་པས་ཡུལ་དངོས་ཀྱི་ལྟད་མོ་བ་སེམས་འགུལ་མི་ཐེབས་མཁན་གཅིག་ཀྱང་མི་སྣང་།
ཆུ་ཚོད་གཅིག་ལྷག་ལ་འགྲན་སྡུར་བྱས་པ་བརྒྱུད། མཐའ་མཇུག་ལ་ཁ་རུབ་ཆུས་ཀྱི་བརྩོན་འགྲུས་ཆོས་སྐྱིད་ལ་ཨང་དང་པོ་ཐོབ་པ་དང་། བྲག་གཡབ་རྫོང་གི་བློ་བཟང་བསམ་གཏན་ལ་ཨང་གཉིས་པ་དང་སྨར་ཁམས་རྫོང་གི་ངག་དབང་གཡང་འཛོམས་ལ་ཨང་གསུམ་པ་བཅས་ཐོབ་པ་རེད།

