国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年08月11日

ཀྲུང་གོ་དང་ཐ་ཇིག་སི་ཐན་གྱི་མི་སྣས《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་དེབ་ལྔ་པར་གླེང་མོལ་གནང་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་དེབ་ལྔ་པའི་དཔེ་ཀློག་སྤེལ་རེས་ཚོགས་འདུ་ཚེས5ཉིན་ཐ་ཇིག་སི་ཐན་གྱི་རྒྱལ་ས་ཏུའུ་ཧྲང་པེ་རུ་འཚོགས་པ་རེད། ཀྲུང་གོ་དང་ཐ་ཇིག་སི་ཐན་གྱི་ལས་རིགས་ཁག་གི་མི་སྣས་དཔེ་ཀློག་གི་མྱོང་ཚོར་མཉམ་སྤྱོད་བྱས་པ་དང་འབྲེལ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་། ཀྲུང་གོ་དང་ཐ་ཇིག་སི་ཐན་གྱི་འབྲེལ་བ་སོགས་ཀྱི་གྲོས་གཞིར་དམིགས་ནས་སྤེལ་རེས་བྱས་པ་རེད། 

ད་ཐེངས་ཀྱི་བྱེད་སྒོའི་བརྗོད་དོན་གཙོ་བོ་ནི“དེང་རབས་ཅན་གྱི་ལམ་བུར་ལག་གདང་སྦྲེལ་ནས་ཀྲུང་གོ་དང་ཐ་ཇིག་སི་ཐན་གྱི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱེད་པ”ཞེས་པ་དེ་ཡིན་པ་དང་། ཐ་ཇིག་སི་ཐན་དུ་བཅའ་སྡོད་བྱེད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁང་དང་། ཐ་ཇིག་སི་ཐན་ཕྱི་འབྲེལ་པུའི་ཕྱི་དོན་ཞབས་ཞུ་ཅུས་སོགས་ཀྱིས་མཉམ་དུ་སྒྲུབ་པ་རེད།

ཐ་ཇིག་སི་ཐན་དུ་བཅའ་སྡོད་བྱེད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་བ་ཀུའོ་ཀྲི་ཅུན་གྱིས་སྤེལ་རེས་ཚོགས་འདུའི་ཐོག་བསྟན་དོན།《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་དེབ་ལྔ་པའི་ནང་ཀྲུང་གོའི་འཕེལ་རྒྱས་ཀྱི་ལག་ལེན་ཟིན་ཐོར་བཀོད་པ་མ་ཟད། རྒྱལ་ཁབ་བཅོས་སྐྱོང་དང་སྤྱི་ཚོགས་འཕེལ་རྒྱས། དམངས་འཚོ་ལེགས་བཅོས། རྒྱལ་སྤྱིའི་མཉམ་ལས་སོགས་གནད་དོན་གལ་ཆེན་ལ་བསམ་གཞིག་གཏིང་ཟབ་བྱས་ཡོད། གསུང་རྩོམ་དེ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློའི་འཕེལ་རྒྱས་གསར་ཤོས་དུས་ཐོག་ཏུ་ཤེས་རྟོགས་ཐུབ་རྒྱུར་རོགས་རམ་བྱེད་པ་དང་། ཀྲུང་གོའི་འདུ་ཤེས་དང་། ཀྲུང་གོའི་ཇུས་གཞི། ཀྲུང་གོའི་བློ་གྲོས་བཅས་ལ་ཤེས་རྟོགས་གཏིང་ཟབ་ཐུབ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།

ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ཟུར་པའམ་ཐ་ཇིག་སི་ཐན་ཙུང་ཐུང་གི་ཐད་གཏོགས་རྒྱལ་ཁབ་སྲིད་འཛིན་སློབ་གླིང་གི་དགེ་རྒན་ཆེན་མོ་བ་ཨ་ལི་མོ་ཕུའུ་ཡིས《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་དེབ་ལྔ་པའི་ནང་གི་འདུ་ཤེས་ལ་རིགས་པའི་གཞུང་ལུགས་ཀྱི་ཞིབ་བཤེར་ཐོབ་པ་མ་ཟད།ཀྲུང་གོའི་འཕེལ་རྒྱས་ཀྱི་ལག་ལེན་ཁྲོད་དེ་བས་ར་སྤྲོད་བྱུང་ཡོད།བལྟོས་མེད་དབུལ་ཕོངས་མེད་པར་བཟོས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ནས་ཀྲུང་གོ་འདི་ཉིད་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་གཙོ་བོ་དང་འཛམ་གླིང་གི་ཚན་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་པ་གལ་ཆེན་གྱི་གྲས་ཤིག་ཏུ་འཚར་ལོངས་བྱུང་བའི་བར་ཚང་མས་འདུ་ཤེས་དེ་དག་གི་ལག་ལེན་གྱི་རླབས་ཆེན་སྟོབས་ཤུགས་ར་སྤྲོད་གང་ལེགས་བྱས་ཡོད། 

ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ཨུ་རུ་སུའི་ཡོ་རོབ་ཤར་མའི་ཨེ་ཤེ་ཡ་དབུས་མའི་ཞིབ་འཇུག་སུའོ་ཡི་ཨེ་ཤེ་ཡ་དབུས་མ་དང་ཀའོ་ཅ་སུའོ་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ་དབྱང་ཅིན་གྱིས་བརྙན་ལམ་ཐོག་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་གོས་རང་ངོས་ཀྱི་རྒྱལ་ཁབ་ཀྱི་གནས་ཚུལ་ལ་གཞི་ཚུགས་ནས་བསྐྱོད་པའི་གྲུབ་འབྲས་ཐོབ་པའི་བགྲོད་ལམ་ཞིག་ཡིན་ལ།ཞི་བདེའི་འཕེལ་རྒྱས་དང་སྒོ་དབྱེའི་མཉམ་ལས།གཉིས་ཕན་མཉམ་རྒྱལ་བཅས་མཐའ་འཁྱོངས་བྱེད་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་ཞིག་ཀྱང་ཡིན་པས། ཀྲུང་ཐ་འཕེལ་རྒྱས་ཀྱི་འཐབ་ཇུས་ལ་སྔར་ལས་ཡངས་པའི་བར་སྟོངས་འདོན་སྤྲོད་བྱས་ཡོད།

《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་དེབ་ལྔ་པས་ཏུའུ་ཧྲང་པེ་ནས་ཡོང་བའི་སློབ་ཆེན་སློབ་མ་ན་རི་མུའུ་ཅི་ནོ་ཝར་བློ་སྒོ་ཟབ་མོ་ཕྱེ་བ་རེད། ཧྲང་ཧའེ་རུ་སློབ་སྦྱོང་བྱེད་པར་འགྲོ་ཉེར་ཡོད་པའི་རྒྱ་ཡིག་ཚན་ཁག་གི་སློབ་མ་དེས་བསྟན་དོན། བརྩམས་ཆོས་དེའི་ནང་མཉམ་ལས་དང་འཕེལ་རྒྱས་ཀྱི་འདུ་ཤེས་ཕུན་སུམ་ཚོགས་པོ་ལྡན་ཡོད་པས།རྒྱལ་ཁབ་ཁག་གིས་ལག་གདང་སྦྲེལ་ནས་འཕེལ་རྒྱས་དང་གཉིས་ཕན་མཉམ་རྒྱལ་ཡོང་བ་བྱ་རྒྱུ་དར་སྤེལ་གཏོང་གི་ཡོད་ཟེར། ཁོ་མོས་མུ་མཐུད་དུ་དེའི་ཁྲོད་ནས་སྟོབས་ཤུགས་བསྡུ་ལེན་བྱས་ཏེ་ཐ་ཀྲུང་མཛའ་གྲོགས་ཀྱི་གཞོན་ནུའི་ཕོ་ཉ་ཞིག་ཏུ་འགྱུར་གང་ཐུབ་བྱ་རྒྱུ་ཡིན་པར་བསྟན།