国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年08月07日

སྒྲོལ་མ་ལྷ་མཚོས་འབྲོག་ཁུལ་གྱི་བྱིས་པར་ཤེས་རིག་གི་གཤོག་ཟུང་སྦྱིན་པ།

ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་དཀྱིལ་ཐང་གྲོང་རྡལ་སློབ་ཆུང་གི་དགེ་རྒན་སྒྲོལ་མ་ལྷ་མཚོ་ནི1982ལོར་སྐྱེས་ཤིང་། 2010ལོར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། 2026ལོར་ལྗོངས་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་ཞེས་པའི་གཟི་བརྗིད་མཚན་སྙན་ཐོབ།

ཆབ་མདོ་ས་ཁུལ་དགེ་འོས་སློབ་གྲྭ་ནས་ཐོན་རྗེས།

ཁོ་མོ་གྲོང་ཁྱེར་དུ་འདུག་རྒྱུའི་གོ་སྐབས་ཡོད་ཀྱང་སྔར་བཞིན་ཐག་རིང་གི་གྲོང་ཚོ་སློབ་ཆུང་དུ་འགྲོ་བའི་ལམ་བུ་བདམས་གསེས་བྱས།

ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པའི་གདོང་ལེན་ཏང་ཡོན་ཞིག་ཡིན་པའི་ངོས་ནས། སྒྲོལ་མ་ལྷ་མཚོས་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་དེ་སློབ་གསོའི་བརྒྱུད་རིམ་ཧྲིལ་པོའི་ནང་བཞག་ཡོད་པ་རེད། ཁོ་མོས“འབྲོག་ཁུལ་གྱི་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན”ཞེས་པ་གསར་དུ་བཙུགས་ཏེ་བོད་རྒྱ་སྐད་གཉིས་ཀྱི་ཐོག་ནས“དམག་སྡེ་བཅོ་བརྒྱད་པ་བོད་དུ་སྐྱོད་པའི་གསར་བརྗེའི་གཏམ་རྒྱུད་དང་། ཏང་གི་དམངས་ཕན་སྲིད་ཇུས་དང་བོད་ཀྱི་འཕོ་འགྱུར། འབྲི་གཡག་རྒྱབ་ཀྱི་གཏམ་རྒྱུད། སྦྲ་གུར་ནང་གི་སྒྲོག་འགྲེལ”སོགས་བརྗོད་དེ་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲངས་པའི་ས་བོན་དེ་ཉིད་རྩྭ་ཐང་གི་བྱིས་པའི་སེམས་སུ་སྨིན་པར་བྱས་པ་དང་། གསར་བརྗེའི་གཞི་རྒྱུ་མི་རབས་ནས་མི་རབས་བར་རྒྱུད་འཛིན་ཐུབ་པར་བྱས་ཡོད།

མི་ལོ་ཉེར་ལྔའི་རིང་ལ་འཛིན་གྲྭའི་ཀྲུའུ་རེན་གྱི་འགན་བཞེས་པའི་སྒྲོལ་མ་ལྷ་མཚོར་ཕྲུ་གུ་ཚོས“ཏང་ཡོན་ཨ་མ”ཞེས་འབོད་ཀྱིན་ཡོད། ཁོ་མོ་མཐའ་འཁོར་གྱི་འབྲོག་ཁུལ་དུ་བསྐྱོད་དེ་དཀའ་ངལ་ཡོད་པའི་ཁྱིམ་ཚང་རེ་རེ་བཞིན་གྲལ་བཤེར་དང་རང་འགུལ་ཐོག་རོགས་སྐྱོར་སྲིད་ཇུས་སྦྲེལ་མཐུད་བྱེད་ཀྱིན་ཡོད། ཁོ་མོའི་སྣེ་ཁྲིད་འོག་ཆབ་མདོ་གྲོང་ཁྱེར་གྱི“མི་རིགས་མཐུན་སྒྲིལ་གྱི་ཕུལ་བྱུང་འཛིན་གྲྭའི་མཉམ་སྡེབ”དང“རྒྱལ་ཡོངས་ཀྱི་སྐེ་དཀྲིས་དམར་པོའི་རུ་འབྲིང”ཐོབ་པ་མ་ཟད། སློབ་མ་བློ་བཟང་ལྷ་མོར་རྒྱལ་ཡོངས་དང་དེ་བཞིན་རང་སྐྱོང་ལྗོངས་ཀྱི་ཕུལ་བྱུང་ན་ཆུང་གདོང་ལེན་རུ་མི་དང་། བློ་བཟང་ཆོས་སྐྱིད་ལ་རང་སྐྱོང་ལྗོངས་ཀྱི་དུས་རབས་གསར་པའི་གཞོན་ནུ་བཟང་པོ་ཞེས་པའི་མཚན་སྙན་ཐོབ་པ་རེད།

ཞིང་འབྲོག་ས་ཁུལ་གྱི་སློབ་མའི་རྨང་གཞི་ཞན་པ་དང་རྒྱ་ཡིག་ཆུ་ཚད་དམའ་བའི་གནས་བབ་ལ་གཞིགས་ཏེ། སྒྲོལ་མ་ལྷ་མཚོ་མི་སྒེར་གྱིས“ཀློག་པ་ལ་བརྟེན་ནས་འབྲི་བར་སྐུལ་འདེད་གཏོང་བ་དང་། ཡི་གེ་ལ་བརྟེན་ནས་མི་སྣ་སྐྱོང་བའི”སློབ་ཁྲིད་རྣམ་པ་གསར་གཏོད་བྱས་ནས་འཛིན་གྲྭའི་གསར་བརྗེའི་དཔེ་ཀློག་གཏོད་དེ་རྒྱུན་རྣམ་ཅན་གྱིས་གསར་བརྗེའི་གསུང་རབ་ཀློག་པ་དང་། དུས་མཚུངས་སུ་ཁྲིམས་སྐྱོང་དང་། དེ་འཇགས། དུག་འགོག་སོགས་སློབ་ཚན་ནང་བཞག་པ་རེད། ཁོ་མོ་གྲོང་ཁྱེར་དུ་ལས་གནས་སྤོ་བའི་གོ་སྐབས་མང་པོ་ལྡན་ན་ཡང་ནམ་རྒྱུན་མཐར་ཕྱིན་འཛིན་གྲྭའི་སློབ་ཁྲིད་བྱས་ནས་བསྟུད་མར་ལོ་བཅོ་བརྒྱད་རིང་རྫོང་ཡོངས་ཀྱི་ཨང་དང་པོ་ཟིན་པ་དང་ཞིང་འབྲོག་ས་ཁུལ་གྱི་སློབ་མ20ལྷག་ནང་སའི་བོད་ལྗོངས་འཛིན་གྲྭར་རྒྱུགས་འཕྲོད་པར་བྱས་ཡོད།

རང་སྐྱོང་ལྗོངས་ཀྱི་སློབ་ཁྲིད་བྱེད་མཁས་པའི་དགེ་རྒན་དང་། ཆབ་མདོ་གྲོང་ཁྱེར་སྐད་ཡིག་དགེ་རྒན་གྲགས་ཅན། “ཡུས་ཆབ་སློབ་དཔྱོད་ལས་དོན་ཁང”གི་ཁོངས་མི་དེ་བཞིན་སློབ་གསོ་པུའུ་མིང་ཟུང་འཆར་གཞི་ཝེ་ལིས་ཅོན་ལས་དོན་ཁང་གི་ལྟེ་བའི་ཁོངས་མི་བཅས་ཡིན་པའི་སྒྲོལ་མ་ལྷ་མཚོས་རང་འགུལ་ཐོག“བརྒྱུད་རོགས་ཁྲིད”གསུམ་གྱི་འགན་འཁྲི་ལྕི་པོ་ཕྲག་ཏུ་འཁུར་ཡོད།