国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年08月07日

ཆབ་མདོ་གྲོང་ཁྱེར་གྱི“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་འགྲན་སྡུར་བྱེད་སྒོ་སྐབས་གཉིས་པའི་གཞུང་ལུགས་དང་སྲིད་ཇུས་སྒྲོག་འགྲེལ་འགྲན་སྡུར་གྱི་གྲོང་ཁྱེར་རིམ་པའི་མཐའ་བསྡུར་ཡོངས་སུ་མཇུག་བསྒྲིལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ8ཚེས5ཉིན་གྱི་སྔ་དྲོ།ཆབ་མདོ་གྲོང་ཁྱེར་གྱི“དམར་མདངས་ཆབ་མདོ་དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་འགྲན་སྡུར་བྱེད་སྒོ་སྐབས་གཉིས་པའི་གཞུང་ལུགས་དང་སྲིད་ཇུས་སྒྲོག་འགྲེལ་འགྲན་སྡུར་གྱི་གྲོང་ཁྱེར་རིམ་པའི་མཐའ་བསྡུར་ཡོངས་སུ་མཇུག་བསྒྲིལ་བ་རེད།གྲོང་ཁྱེར་ཡོངས་ཀྱི་རྫོང་ཆུས་ཁག་ནས་ཕེབས་པའི་ཕུལ་བྱུང་གི་སྒྲོག་འགྲེལ་པ11གིས་བབས་ཆགས་པའི་ཚིག་སྦྱོར་དང་གསོན་ཉམས་ལྡན་པའི་གཏམ་རྒྱུད་ལ་བརྟེན་ནས།ཏང་གི་གསར་གཏོད་རིག་པའི་གཞུང་ལུགས་ཁྱིམ་ཚང་ཀུན་ལ་བསྒྲགས་ཏེ།ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་དག་གོང་འཕེལ་དོན་དུ་ཡར་བརྩོན་གྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ཡོད།

འགྲན་སྡུར་སྤེལ་ཡུལ་དུ། རྫོང་ཆུས་ཁག་གི་བསྐྱར་འགྲན་གྱི་ཁྲོད་ནས་ཕུལ་དུ་བྱུང་བའི་འགྲན་ཞུགས་པ11རིམ་པར་སྡིངས་ཆའི་ཐོག་ཕེབས་ཏེ། མི་རིགས་མཐུན་སྒྲིལ་དང་གྲོང་གསེབ་དར་རྒྱས། ཁྲིམས་སྐྱོང་འདུ་ཤེས་དང་གསར་བརྗེའི་རིག་གནས་རྒྱུན་འཛིན་སོགས་ཀྱི་སྐོར་ནས་སྒྲོག་འགྲེལ་ངོ་མཚར་ལྡན་པ་གནང་ཡོད། འགྲན་ཞུགས་པ་ཚོས་ཉེ་འཁོར་གྱི་མི་དང་གཏམ་རྒྱུད་ལ་ཟུང་འབྲེལ་བྱས་ཏེ་ཏང་གི་དམངས་ཕན་སྲིད་ཇུས་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ75རིང་གི་འཕེལ་རྒྱས་ཀྱི་གྲུབ་འབྲས་སོགས་ཆུ་རྒྱུག་རྒྱུག་བཤད་རྒྱུ་ཡོད་པ་རེད། 《ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་ལེན་དང་རྒྱང་ལམ་གསར་པར་འབད་འབུངས་ཡར་བརྩོན་བྱ》《ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་དགོས》ཞེས་པ་ལྟ་བུའི་བརྗོད་དོན་ཡག་ལ་བརྩེ་སེམས་ཟབ་པའི་སྒྲོག་འགྲེལ་ཁ་ཅིག་ལ་ལྟད་མོ་བ་ཀུན་གྱིས་དགའ་བསུ་ཆེན་པོ་ཐོབ་ཡོད་པ་རེད།

འགྲན་སྡུར་བྱས་པ་བརྒྱུད་མཐའ་མཇུག་ཁ་རུབ་ཆུས་ཀྱི་འཇམ་དབྱངས་ཚེ་རིང་ལ་ཨང་དང་པོ་དང་། རི་བོ་ཆེ་རྫོང་གི་ཁྱི་ཕྲུག་བཟང་པོ་ལ་ཨང་གཉིས་པ། བྲག་གཡབ་རྫོང་གི་བྱམས་ལྡན་ལ་ཨང་གསུམ་པ་བཅས་ཐོབ་ཡོད།