国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年08月07日

“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་འགྲན་སྡུར་བྱེད་སྒོ་སྐབས་གཉིས་པའི་སྲོལ་རྒྱུན་གྱི་ཐོན་སྐྱེད་དང་འཚོ་བའི་རྩལ་ནུས་འགྲན་སྡུར(རྫ་བཟོ་དང་སྤོས་བཟོ)ལས་གྲོང་ཁྱེར་རིམ་པའི་མཐའ་བསྡུར་འགོ་ཚུགས་པ།

འདི་ནི་རྫ་ཆས་བཟོ་རྩལ་གྱི་འགྲན་སྡུར་གྱི་ཡུལ་དངོས་ཡིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཟླ8ཚེས3ཉིན་གྱི་ཕྱི་དྲོར། “དམར་མདངས་ཆབ་མདོ།དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་འགྲན་སྡུར་བྱེད་སྒོ་སྐབས་གཉིས་པའི་སྲོལ་རྒྱུན་གྱི་ཐོན་སྐྱེད་དང་འཚོ་བའི་རྩལ་ནུས་འགྲན་སྡུར་ལས་གྲོང་ཁྱེར་རིམ་པའི་མཐའ་བསྡུར་ལ་ལག་ཤེས་བཟོ་རྩལ་གྱི་རིགས་གཉིས་ཡོད་དེ། རྫ་བཟོའི་འགྲན་སྡུར་དང་སྤོས་བཟོའི་འགྲན་སྡུར་སྤེལ་བ་དང་།རྫོང་ཆུས་ཁག་གི་དམངས་ཁྲོད་ཀྱི་བཟོ་པ་རྣམས་གདན་སྐོར་གཅིག་ཏུ་འཛོམས་ནས་འགྲན་སྡུར་ཚད་པ་རེད།

རྫ་བཟོའི་རྩལ་ནུས་འགྲན་སྡུར་གྱི་ཡུལ་དངོས་སུ་འདམ་དྲི་ལོང་ལོང་འཐུལ་ཞིང་། འགྲན་ཞུགས་པ་རྣམས་བློ་རྩེ་གཅིག་ཏུ་བསྒྲིམས་ནས་འདམ་པ་རྫི་བ་དང་སྐྱ་བཟོ་བ། བཟོ་ལྟ་འདོན་པ་སོགས་སྲོལ་རྒྱུན་གྱི་འགྲོ་ལུགས་ལྟར་རྫ་ཆས་བཟོ་བཞིན་འདུག ། ཚང་མས་བཟོ་བོའི་བློ་རྩལ་རབ་ཏུ་སྤྲུགས་ནས་ཡུལ་ལུང་གི་དམངས་སྲོལ་རིག་གནས་ཀྱི་ཁྱད་ཆོས་དང་གསར་བརྗེ་ཡར་བརྩོན་གྱི་ནང་དོན་རྫས་ཆས་ཀྱི་བཀོད་པ་ལ་བཞེངས་ནས།བརྗིད་ཉམས་ཆེ་ལ་སྔར་མེད་གསར་གཏོད་ཀྱི་ཆ་ལེགས་པར་སྤྲས་པའི་རྫ་ཆས་མང་པོ་ཐོན་ཞིང་།ཆབ་མདོའི་སྲོལ་རྒྱུན་གྱི་རྫ་བཟོའི་གནའ་ཉམས་དང་དུས་རབས་ཀྱི་ཁྱད་ཆོས་ཀུན་ནས་མངོན་ཡོད།

ཆུ་ཚོད་གསུམ་ལ་འགྲན་སྡུར་བྱས་པ་བརྒྱུད་དཔྱད་འདེམས་པས་གཟབ་ནན་ཞིབ་གསུམ་གྱི་སྒོ་ནས་སྐར་མ་བརྒྱབ་རྗེས།གོ་འཇོ་རྫོང་ལྷ་རྒྱལ་ཤང་གི་མགོན་པོ་བཀྲ་ཤིས་ལ་ཨང་དང་པོ་ཐོབ་པ་དང་། རི་བོ་ཆེ་རྫོང་གི་ས་མདོ་གྲོང་རྡལ་སྦ་རིན་ཁའི་འཇིགས་མེད་ཐེག་མཆོག་ལ་ཨང་གཉིས་པ་དང་སྟེང་ཆེན་རྫོང་ས་མདོ་གྲོང་ཤང་ས་མདོ་གྲོང་ཚོའི་མགོན་ལྷན་ལ་ཨང་གསུམ་པ་ཐོབ་ཡོད་པ་རེད།