国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年08月07日

མི་རབས་བཞི་ཡི་བུ་རྒྱུད་ཀྱིས། ས་མཐོའི་མི་སེར་བདེ་ཐང་སྲུང་།

འདི་ནི་སེར་ཚ་ཤང་འཕྲོད་བསྟེན་ཁང་གི་འགོ་གཙོ་གཞོན་པ་ལྷུན་གྲུབ་ཀྱིས་མང་ཚོགས་ཀྱི་རྩ་ལ་བརྟག་བཞིན་པ།

ཟླ7པའི་ཚེས11ཉིན། གསར་འགོད་པ“འོད་སྟོང་འབར་བའི་ལོ་རྒྱུས་སེམས་ལ་བཅངས།དམར་མདངས་ཆབ་མདོ་འབད་འབུངས་མདུན་དུ་སྐྱོད”ཅེས་པ་བརྗོད་དོན་གཙོ་བོའི་གསར་འགོད་བྱེད་སྒོ་དང་ལྷན་དུ་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་སེར་ཚ་ཤང་འཕྲོད་བསྟེན་ཁང་དུ་བསྐྱོད་པ་ཡིན།

སེར་ཚ་ཤང་འཕྲོད་བསྟེན་ཁང་གི་མིང་ཆ་ཚང་ལ་སྟེང་ཆེན་རྫོང་ལྟེ་བའི་སྨན་ཁང་སེར་ཚ་ཤང་ཡན་ལག་སྨན་ཁང་ཞེས་འབོད། 1972ལོར་ཐོག་མར་བཙུགས། 2014ལོར་སྨན་ཁང་གསར་པའི་ནང་སྤོས་ཏེ་ཤང་དེ་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ6ལ་ཁེབས་ཡོད། སྨན་ཁང་ནང་ལས་བཟོ་པ17ཡོད་པ་ལས་བོད་སྨན་ཆེད་ལས་ཀྱི་ཤེས་ལྡན་མི་སྣའི་བརྒྱ་ཆའི་ཕྱེད་ཀ་ཟིན་ཡོད།

ད་ལོར་ལོ51སླེབས་པའི་ཡོན་ཀྲང་སྒྲོལ་དཀར་ནི་70ནང་སྐྱེས་ཀྱི་མི་རབས་དང་པོའི་བོད་སྨན་མཐར་ཕྱིན་པ་ཡིན་ཞིང་། ལས་ཀ་གཉེར་ནས་མི་ལོ་སུམ་ཅུ་ཏག་ཏག་སོང་ཟིན།

“ལས་ཀར་ཐོག་མར་ཞུགས་དུས་འཕྲོད་བསྟེན་ཁང་དུ་ས་ཁང་གྱན་གསུམ་དང་། སྨན་རྫས་དང་སྨན་བཅོས་འཕྲུལ་ཆས་ཞན་པའི་ཁར། འབྲོག་པས་རྟ་ལ་བཞོན་ནས་ལམ་ཐག་རིང་པོ་བརྒལ་ཏེ་ནད་ལ་ལྟ་རུ་ཡོང་དགོས་པ་རེད། ད་ཆ་ཚད་ལྡན་ཅན་གྱི་བོད་སྨན་ཁང་དང་སྨན་བཅོས་ཁང་འཛོམས་པོ་ཡོད་ལ་བོད་སྨན་རིགས་སྨན་བཅོས་འགན་སྲུང་ནང་བཞག་ཡོད་པས་མང་ཚོགས་ཀྱིས་རང་ཁྱིམ་གྱི་སྒོ་མདུན་དུ་སྨན་བཅོས་བྱེད་ཆོག་པ་རེད།”ཅེས་སྒྲོལ་དཀར་གྱིས་གསར་འགོད་པར་དེ་ལྟར་བཤད།

80ནང་སྐྱེས་ཀྱི་ཡོན་ཀྲང་གཞོན་པ་ལྷུན་གྲུབ་ནི་མི་རབས་གཉིས་པའི་སློབ་མ་ཡིན། 2019ལོར་བོད་ལྗོངས་གསོ་རིག་སློབ་གྲྭ་ཆེན་མོ་ནས་ཐོན་རྗེས་རང་འགུལ་གྱིས་སེར་ཚ་ཤང་དུ་ཡོང་བ་ཡིན།

“ང་རང་སློབ་གྲྭར་ཡོད་དུས་གཞི་རིམ་དུ་བསྐྱོད་རྒྱུའི་གཞི་རིམ་དུ་འགྲོ་རྒྱུའི་སེམས་ཐག་བཅད་ཡོད་ལ། འབྲོག་ཁུལ་དུ་ནད་རིགས་མང་ཞིང་དོན་ངོ་མའི་ཐོག་ནས་བོད་སྨན་གྱིས་མང་ཚོགས་ལ་སྨན་བཅོས་བྱེད་ཀྱིན་ཡོད། དབྱར་རྩྭ་དགུན་འབུ་བརྐོ་འཐུ་རིང་། ང་ཚོས་བཟོས་པའི་མར་ལོ་དབྱར་རྩྭ་དགུན་འབུ་སྨན་དེ་ཉིད་རི་མགོར་ལས་ཀར་ལས་བཞིན་པའི་འབྲོག་པའི་དབུགས་མི་འདང་བའི་ཐད་བཀོལ་བ་ཡིན”ཞེས་ལྷུན་གྲུབ་ཀྱིས་དེ་ལྟར་བཤད།

90ནང་སྐྱེས་ཀྱི་བུད་མེད་ནད་གཡོག་སྐལ་བཟང་ལྷ་མོ་ནི་ལྷ་ས་ནས་ཡིན་ཞིང་། མི་རབས་གསུམ་པའི་བོད་ལྗོངས་གསོ་རིག་སློབ་གྲྭ་ཆེན་མོ་ནས་ཐོན་པ་ཡིན། ལས་ཀ་གཙོ་བོར་སྨན་བཅོས་ནད་སྐྱོང་དང་ཕྲུ་གུ་བཙའ་རྗེས་ཀྱི་སྨན་བཅོས་སོགས་རེད།

“རྒྱལ་ལམ317རྒྱུད་ཀྱི་ཡུལ་སྐོར་བ་མང་པོ་ཞིག་ལ་མཐོ་སྒང་གི་ལ་དུག་ཕོག་ཀྱང་དངོས་ཁམས་སྨན་བཅོས་བྱས་རྗེས་མགྱོགས་པར་ཞི་ལྷོད་ཡོང་གི་ཡོད”ཅེས་སྐལ་བཟང་ལྷ་མོ་ཡིས་ཉིན་ལྟར་ནད་པ་སྨན་བཅོས་བྱས་པའི་རྩིས་ཐོའི་ཐོག་རྒན་རྒོན་དང་སྦྲུམ་མ་ཚང་མའི་ཐོ་འགོད་གནས་ཚུལ་ཞིབ་ཚགས་ངང་ཐོ་འགོད་བྱེད་ཀྱི་ཡོད།

00ནང་སྐྱེས་ཀྱི་སྨན་པ་རྣམ་རྒྱལ་ཕུར་བུ་ནི་སྨན་ཁང་ནང་ལོ་ན་གཞོན་ཤོས་ཀྱི་བོད་སྨན་གྱི་མི་རབས་དེ་ཡིན་ཞིང་། 2023ལོར་སློབ་གྲྭ་ཐོན་རྗེས་སེར་ཚ་ཤང་དུ་ཡོང་ནས་དུས་ཡུན་རིང་པོར་བོད་སྨན་གཏར་ག་དང་། སྐམ་བཙག་རྒྱག་བཞིན་ཡོད།

ཞིང་འབྲོག་ས་ཁུལ་གྱི་མང་ཚོགས་ཁ་འཐོར་བ་དང་རྒན་རྒོན་ཕར་ཚུར་འགྲོ་དཀའ་བའི་གནས་ཚུལ་ལ་གཞིགས་ཏེ། མི་རབས་བཞི་ཡི་བོད་སྨན་སློབ་ཕྲུག་ཚོས་རྒྱུན་དུ་ཁྱིམ་ཚང་དུ་སོང་ནས་སྨན་བཅོས་བྱས་པ་དང་། བསྡོམས་རྩིས་བྱས་ན་ཁྱིམ་ཚང་དུ་སྨན་བཅོས་ཐེངས2500ལྷག་ཟིན་ཡོད།