国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年07月31日

ཆབ་མདོ་གྲོང་ཁྱེར་གྱི་རྒྱལ་ཡོངས་ཤེས་དཔལ་ཚན་པའི་འཛུགས་གཏོད་ཉམས་མྱོང་སྤེལ་རེས་ཀྱི་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཚེས་29ཉིན་གྱི་ཕྱི་དྲོ། རང་རེའི་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཤེས་དཔལ་ཚན་པའི་འཛུགས་གཏོད་ཉམས་མྱོང་སྤེལ་རེས་ཚོགས་འདུ་འཚོགས་པ་རེད།གྲོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའུ་ཀྲང་རིམ་པ་དང་པོའི་སྐོར་ཞིབ་པ་བཅས་ཡིན་པའི་དངོས་གྲུབ་ཟླ་བ་ཚོགས་འདུ་ཞུགས་ཏེ་གཏམ་བཤད་བྱས་ཡོད།

ཚོགས་འདུའི་ཐོག་བསམ་པའི་དཔལ་ཡོན་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་ཀྱི་དགོངས་དོན་དང་། 《ཆབ་མདོ་གྲོང་ཁྱེར་གྱི་རྒྱལ་ཡོངས་ཤེས་དཔལ་ཚན་པས་གྲོང་རྡལ་(གྲོང་ཚོ་དང་སྡེ་ཁུལ)ལ་ཆ་སྒྲིག་རོགས་སྐྱོར་བྱེད་པའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཁང(ས་ཚིགས)འཛུགས་སྐྲུན་ལས་དོན་གྱི་ལག་བསྟར་ཇུས་གཞི》བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཡོད།

གྲོང་ཁྱེར་སྒྲིག་བཤེར་ལྟ་ཞིབ་ཨུ་ལྷན་དང་། གྲོང་ཨུད་གཞུང་དོན་ཁང་། གྲོང་ཁྱེར་ཁྲལ་དོན་ཅུས། གྲོང་ཁྱེར་བོད་སྨན་རྩིས་ཁང་། ཀྲུང་གོ་སྒུལ་འཕྲིན་ཆབ་མདོ་ཡན་ལག་ཀུང་སི་སོགས་རྒྱལ་ཡོངས་ཀྱི་ཤེས་དཔལ་ཚན་པས་སྤེལ་རེས་གཏམ་བཤད་བྱས་ཡོད།