འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ7པའི་ཚེས30ཉིན། གྲོང་ཁྱེར་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་རིགས་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང(རྒྱ་ཆེ)ཚོགས་འདུ་དང་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པའི་ཆེད་དོན་དཔེ་ཀློག་འཛིན་གྲྭ་གཉེར་བ་རེད། གྲོང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཝང་ཧྲི་ཡུས་ཀྱིས་ཚོགས་འདུ་གཙོ་སྐྱོང་ཞུས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད།
ཚོགས་འདུའི་ཐོག་རིགས་གཞུང་སློབ་སྦྱོང་ལ་མཐོང་ཆེན་བྱ་རྒྱུ་ནི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་ལྷན་སྐྱེས་ཀྱི་ཆབ་སྲིད་ཀྱི་བླང་བྱ་ཞིག་རེད། བསམ་གཞིག་དང་། ཞིབ་འཇུག་དང་གྲོས་བསྡུར། དག་ཐེར་བཅས་སློབ་སྦྱོང་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པའི་ཚན་རིག་དང་མཐུན་པའི་མ་ལག་དང་། ལྟེ་བའི་དོན་སྙིང་། ལག་ལེན་གྱི་བླང་བྱ་བཅས་བརྒྱུད་རིམ་ལྡན་པའི་ངང་ཞིབ་ཀློག་དང་ཁོང་དུ་ཆུད་པར་བྱས་ཏེ། སློབ་སྦྱོང་དང་ལག་ལེན་ཁྲོད་ཕྱོགས་ཡོངས་ནས“ནུས་པ་བདུན”སྦྱོང་བརྡར་དང“འཇོན་ཐང་བརྒྱད”ཆེ་རུ་བཏང་ནས། དུས་བབ་གསལ་རྟོགས་དང་། འཕེལ་རྒྱས་ལ་སྐུལ་འདེད། འགལ་ཟླ་སེལ་བ། ཉེན་ཁ་འགོག་ཟོན་སོགས་ཀྱི་ཐད་ནས་དངོས་འབྲེལ་སློབ་སྦྱོང་དང་བེད་སྤྱོད་བྱེད་པ་དང་། དུས་དང་རྣམ་པ་ཀུན་ཏུ“རྒྱལ་ཁབ་ཀྱི་དོན་ཆེན”སེམས་ནང་འཇོག་པ། “རང་སྐྱོང་ལྗོངས་ཀྱི་ལས་འགན་གཙོ་བོ”ཕྲག་ཐོག་ཏུ་འཁུར་བ། “གྲོང་ཁྱེར་གྱི་གཙོ་གནད”དེ་དམ་འཛིན་བྱ་གཞིར་འཛིན་པ་བཅས་བྱས་ཏེ། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་ལག་ལེན་བསྟར་བའི་ཐད་རུ་སྟར་དང་པོ་དང་གདོང་དམག་ཡག་པོ་བྱས་ནས། ཚད་གཞི་དེ་བས་མཐོ་བ་དང་བྱེད་ཐབས་དེ་བས་ཏན་ཏིག་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཏན་ནན་པོས་སྐྱོང་བའི་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བྱས་ཏེ་ཆབ་མདོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་ཆེད་སྒྲིག་བཤེར་ལྟ་ཞིབ་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

