འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཆབ་མདོ་གྲོང་ཁྱེར་གྱི“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་གྲོང་ཁྱེར་རིམ་པའི་མཐའ་སྡུར་སླེབས་ལ་ཉེ་བའི་མཚམས་སུ། ཉེ་ཆར། དཔའ་ཤོད་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱིས་འགྲན་ཞུགས་རུ་ཁག་སྒྲིག་འཛུགས་ཀྱིས་དུས་ཡུན་ཟླ་བ་གཅིག་རིང་ཆེད་དོན་གཟབ་སྦྱོང་གཉེར་ཏེ་མཐའ་སྡུར་ལ་གྲ་སྒྲིག་བྱས་ཡོད།
ཐེངས་འདིའི་གཅིག་སྡུད་གསབ་སྦྱོང་ནང་། མང་ཚོགས་ཀྱི་ཞབས་བྲོ་དང་། མཉམ་ལེན། རྐྱང་ལེན། རྐྱང་བྲོ་བཅས་རིགས་ཆེན་པོ་བཞི་འདུས་ཡོད་ལ། འགྲན་སྡུར་གྱི་བརྗོད་དོན་གཙོ་བོར་དམིགས་ཏེ་ས་གནས་དེ་གའི་གསར་བརྗེའི་ལོ་རྒྱུས་དང་དམངས་སྲོལ་རིག་གནས་མཉམ་འདྲེས་ཐུབ་པ་བྱས་ཡོད། རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱིས་ཆེད་ལས་དགེ་རྒན་གདན་དྲངས་ཏེ་འགྲན་ཞུགས་རུ་ཁག་གི་གཞས་གདངས་དང་། ཉམས་འགྱུར། རྣམ་པ་སོགས་ལ་ཞིབ་ཅིང་ཕྲ་བའི་སྒོ་ནས་གསབ་ཁྲིད་བྱས་པས་ལེ་ཚན་གྱི་བརྗོད་དོན་རང་བཞིན་དང་ལྟད་མོ་རང་བཞིན་ཆེ་རུ་ཕྱིན་ཡོད་པ་རེད།
སྦྱོང་བརྡར་ཞུགས་མཁན་གྱིས་དཀའ་སྤྱད་སྦྱོང་བརྡར་དང་ཡང་ཡང་ཞུན་བརྡར་བྱས་ཏེ་སྤྲོ་སྣང་གི་ཉམས་འགྱུར་ཐོག་ནས་སྦྱོང་བརྡར་ནང་ཞུགས་པ་དང་སྔོན་ཐོན་བརྩོན་ལེན་གྱི་འབད་བརྩོན་སྙིང་སྟོབས་ཀྱི་རྣམ་པ་གང་ལེགས་མངོན་ཡོད།

