国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年07月31日

ལུའོ་ཆིན་འུའུ་ཡིས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ལས་དོན་ཚོགས་ཆུང་དང་བཞུགས་མོལ་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ7ཚེས27ཉིན།རང་རེའི་གྲོང་ཁྱེར་གྱིས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ལས་དོན་ཚོགས་ཆུང་དང་བཞུགས་མོལ་ཚོགས་འདུ་འཚོགས་ཡོད། ཀྲུང་དབྱང་བོད་ལྗོངས་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་པ་དགྲ་འདུལ་དང་།གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཚོགས་འདུ་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད།

དགྲ་འདུལ་གྱིས་ཆབ་མདོ་འདི་ཉིད་གཙང་གསུམ་འབབ་རྒྱུད་ཀྱི་ལྟེ་བའི་ཁུལ་དུ་གནས་པ་དང་། སྐྱེ་ཁམས་འཐབ་ཇུས་ཀྱི་གནས་བབ་མངོན་གསལ་དོད་པོ་ཡོད།མིག་སྔར། སྐྱེ་ཁམས་སྤུས་ཚད་མཐོ་རུ་གཏོང་བ་དང་།ཐོན་ལས་རིམ་སྤོར་གྱི་འགག་རྩའི་གོ་སྐབས་ཀྱི་དུས་མཚམས་སུ་གནས་ཡོད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་དམར་ཐིག་བརྟན་སྲུང་བྱེད་པ་དང་། ས་མཐོའི་སྐྱེ་ཁམས་རིག་གནས་ཀྱི་ལེགས་ཆར་བརྟེན་པ།ཆུ་རྒྱུད་བཅོས་སྐྱོང་དང་། སྐྱེ་ཁམས་སླར་གསོ། ཐོན་ལས་གླིང་འཛུགས་སྐྲུན་བཅས་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས།སྐྱེ་ཁམས་ཀྱི་ལེགས་ཆ་འཕེལ་རྒྱས་ཀྱི་ལེགས་ཆར་སྒྱུར་བ་དང་།བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་ཆེད་ལས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས། ཆབ་མདོའི་སྐྱེ་ཁམས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་རྒྱུར་གནད་སྨིན་སྐུལ་འདེད་གཏོང་བ་དང་།སྐྱེ་ཁམས་སྲུང་སྐྱོང་དང་མི་རིགས་ཆོས་ལུགས་ཁྱབ་ཁོངས་ཀྱི་ལས་དོན་སྤྱི་འདོམས་དམ་འཛིན་བྱས་ཏེ།ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ནས།ཡུན་རིང་བདེ་འཁོད་དང་སྐྱེ་ཁམས་སྲུང་སྐྱོང་ཟུང་འབྲེལ་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན།

ལུའོ་ཆིན་འུའུ་ཡིས་རང་རེའི་གྲོང་ཁྱེར་གྱི་སྐྱེ་ཁམས་བཅོས་སྐྱོང་གི་ཞིབ་ཕྲའི་བྱ་ཐབས་དང་ལས་ཀའི་ཕན་འབྲས་ངོ་སྤྲོད་གནང་ཞིང་། ཁོང་གིས་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་རྒྱལ་ཁབ་ཀྱི་འཐབ་ཇུས་ངོས་ནས་སྲིད་ཇུས་ཀྱི་སྦྲེལ་མཐུད་དང་གནད་སྨིན་བཅོས་སྐྱོང་།མ་ལག་གི་ནུས་པ་འདོན་པ་བཅས་ཀྱི་ཐད་སློབ་སྟོན་དེ་བས་མང་བ་གནང་སྟེ།རང་རེའི་གྲོང་ཁྱེར་གྱིས་སྐྱེ་ཁམས་སླར་གསོ་དང་།འཁྱགས་རོམ་སྲུང་སྐྱོང་། དྭངས་གཙང་ནུས་རྒྱུའི་རྟེན་གཞི་འཛུགས་སྐྲུན། ས་གཤིས་གནོད་འཚེར་འགོག་བཅོས།མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་སོགས་ཀྱི་གཙོ་གནད་ལས་དོན་ལ་དམ་འཛིན་དང་།དེང་རབས་ཅན་གྱི་སྐྱེ་ཁམས་བཅོས་སྐྱོང་མ་ལག་རྒྱུན་མཐུད་ངང་འཐུས་སྒོ་ཚང་དུ་བཏང་ནས།ས་མཐོའི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་ཞིག་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་གསུངས།