国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年07月31日

ཨོ་བློ་ཚེ་རིང་།

མི་དམངས་ལ་ཏན་ཏན་ཏིག་ཏིག་གིས་ ཞབས་འདེགས་ཞུ་མཁན།

འདི་ནི་ཨོ་བློ་ཚེ་རིང་གིས་མང་ཚོགས་ལ་འཚམས་འདྲི་བྱས་ཏེ་སེམས་ཞིབ་མོས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་བཞིན་པ།

ཨོ་བློ་ཚེ་རིང་ནི་རི་བོ་ཆེ་རྫོང་ས་མདོ་གྲོང་རྡལ་སྦ་རིན་ཁ་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་གྲོང་མི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཡིན། སྦ་རིན་ཁ་སྡེ་ཁུལ་ནི་ཡུལ་གཞན་ནས་གནས་སྤོས་ཡོང་བའི་གཅིག་སྡུད་ཀྱི་སྡེ་ཁུལ་ཞིག་ཡིན་པའི་ཆ་ནས། སྔ་མོ་ནས་སྡོད་དམངས་ཀྱི་ཡོང་ཁུངས་ཁ་འཐོར་ཡིན་ལ་ཕན་ཚུན་འབྲེལ་འདྲིས་མེད་ཅིང་འགལ་ཟླ་མང་པོ་བྱུང་བ་དེས་བཅོས་སྐྱོང་གི་དཀའ་ངལ་མངོན་གསལ་ཆེན་པོ་ལྡན་ཡོད་པ་རེད།

ལས་འགན་འཁུར་བ་ནས་བཟུང་། ཨོ་བློ་ཚེ་རིང་གིས་དམངས་ཀྱི་ཐོག་མའི་བསམ་འདུན་བློ་ལ་བཅངས་ཏེ་ཆུ་ཚོད་ཉེར་བཞིའི་རིང་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་ཐབས་ལམ་ཤར་གཏོང་དང་།

དམངས་ཀྱི་འདོད་བློ་ཟིན་བྲིས་བཏབ་ནས་དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ཀྱི་རེ་ཞུར་ལན་འདེབས་ཀྱིན་ཡོད། ཁོས་སྡེ་ཁུལ་གྱི་དོ་དམ་ལམ་ལུགས་དང་སྡེ་དམངས་སྤྱི་ཆིངས་འཐུས་ཚང་དང་། དཔུང་ཁག་གི་འགན་འཁྲི་ཚད་ལྡན། དྲང་ཚུགས་ཀྱིས་ཁྱིམ་མཚེས་བར་གྱི་འགལ་ཟླ་བརྒྱ་ལྷག་འདུམ་འགྲིག་བྱས་པས་སྡེ་ཁུལ་གྱི་ཟང་ཟིང་གི་རྣམ་པ་རྩ་བ་ནས་ལེགས་སྒྱུར་བྱུང་བ་རེད།

ལོ་གང་མང་རིང་། ཁོང་གིས་རང་གི་སྒོར་ཁུག་ནས་སྒོར་ཁྲི45བཏོན་ནས་མང་ཚོགས་ལ་སྨན་བཅོས་སྤྲོད་པ་དང་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོར། དངོས་ཟོག་ཞལ་འདེབས་འབུལ་བ། སྡེ་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ནང་ཞུགས་པ་སོགས་བྱེད་ཀྱིན་ཡོད།

ཨོ་བློ་ཚེ་རིང་གི་སེམས་ནང་མི་རིགས་མཐུན་སྒྲིལ་ནི་སྟོང་གཏམ་ཙམ་མ་ཡིན་པར་ཁྱིམ་མཚེས་བར་རོགས་རམ་བྱེད་པའི་དོན་ཕྲན་ཚེགས་ཤིག་ནས་འགོ་བརྩམས་དགོས་པར་འདོད་ཀྱིན་ཡོད། མངའ་ཁོངས་དེའི་མི་རིགས་ཁག་གི་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་དུས་ཐོག་ཏུ་རོགས་སྐྱོར་བྱ་ཆེད། ཁོས་རང་གི་ཟླ་ཕོགས་སྒོར7000དེ་མ་དངུལ་གྱི་འགོ་ཚུགས་ས་ཞིག་ཏུ་བརྩིས་ཏེ་སྡེ་ཁུལ་གྱི་རོགས་སྐྱོར་མ་དངུལ་བཙུགས་ནས་མ་དངུལ་དང་དངོས་ཟོག་ཞལ་འདེབས་འབུལ་བ་དང་། མངའ་ཁོངས་དེའི་ལས་བྱེད་པ་དང་མི་རིགས་ཁག་གི་སྡོད་དམངས་ཀྱིས་རང་འགུལ་ཐོག་སྒོར་མོ་དང་འཚོ་བའི་དངོས་ཟོག་ཞལ་འདེབས་འབུལ་རྒྱུའི་འབོད་སྐུལ་བཏང་བ་རེད། མ་དངུལ་གྱིས་སྔ་རྗེས་སུ་དཀའ་ངལ་ཡོད་པའི་མང་ཚོགས200ལྷག་ལ་རོགས་སྐྱོར་མ་དངུལ་སྒོར་ཁྲི10ཡས་མས་ཟིན་པ་རེད།