འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་7པའི་ཚེས་29ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། ལག་བསྟར་ལས་དོན་ལ་ཞིབ་འཇུག་ཀྱང་གནང་བ་རེད།
ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་པ་གཏིང་ཟབ་ལ་ཁ་ཕྱོགས་གསལ་པོ་ཡོད་པས་ང་ཚོས་གྲོང་ཁྱེར་གསར་སྒྱུར་དང་། རྨང་གཞིའི་སློབ་གསོ། ཏང་འཛུགས་སྐྱོང་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཁ་ཕྱོགས་གསལ་སྟོན་དང་ཐབས་ལམ་བསླབ་ཡོད། གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་ཚན་པ་ཁག་གིས་སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་ལེན་པ་དང་། དཔེ་བསྡུར་ཚད་འཛིན་བྱས་ཏེ་ཆབ་སྲིད་ལྷིང་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་ལམ་ལྷོངས་བཅས་ཀྱི་ཕུལ་བྱུང་གྲུབ་འབྲས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བཀའ་དྲིན་ཚོར་ཐུབ་པར་བྱེད་དགོས་ཞེས་བསྟན་ཡོད།
ཚོགས་འདུའི་ཐོག་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་བོད་དུ་བརྟག་ཞིབ་གནང་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་ལག་བསྟར་ནན་ཏན་བྱེད་པ། ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ།
གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཆབ་མདོ་འཛུགས་སྐྲུན་གྱི་འགན་འཁྲི་འཁུར་མཁན་གྱི་དུས་རབས་ཀྱི་མི་སྣ་གསར་པ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས་པའི་ནན་བཤད་གནང་བ་རེད། ཚོགས་འདུའི་ཐོག་གྲོང་ཁྱེར་ཡོངས་ཀྱི་སློབ་གསོའི་ལས་དོན་དང་ན་སོ་དར་ལ་མ་བབས་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལས་དོན་སྤེལ་ཚུལ་གྱི་སྙན་ཞུ་ཉན་པ་དང་།མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་ནས་ཏང་གི་འགོ་ཁྲིད་དེ་སློབ་གཉེར་སློབ་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ་དང་། སློབ་གསོ་ལྔ་མཉམ་སྤེལ་དང་སློབ་གསོ་ལྔ་མཉམ་འདྲེས་མཐའ་འཁྱོངས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཆབ་མདོ་འཛུགས་སྐྲུན་གྱི་འགན་འཁྲི་འཁུར་མཁན་གྱི་དུས་རབས་ཀྱི་མི་སྣ་གསར་པ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཚོགས་འདུའི་ཐོག་གྲོང་ཁྱེར་ཡོངས་ཀྱིས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་སྐྱེད་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོའི་གནས་ཚུལ་གསན་པ་དང་།“མཇུག་འཕྲོའི་ལས་དོན”ཡག་པོ་བསྒྲུབས་ནས་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་ཏན་ཏིག་བྱ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ་དང་། གནད་དོན་དག་ཐེར་དང་སྲ་བརྟན་མཐོར་གཏོང་ལ་དམ་འཛིན་ཡག་པོ་བྱས་ཏེ་མང་ཚོགས་ཀྱིས་ཚོར་ཐུབ་པའི་དངོས་སྒྲུབ་བྱས་རྗེས་ལ་བརྟེན་ནས་སློབ་སྦྱོང་སློབ་གསོའི་ཕན་འབྲས་ལ་ཞིབ་བཤེར་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཚོགས་འདུའི་ཐོག་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ཚུར་ལན་གནད་དོན་དག་ཐེར་དང་ནགས་དཔོན་དང་ཆུ་དཔོན་གྱི་ལས་ཀའི་གནས་ཚུལ་གསན་པ་རེད། འཛེམ་མེད་དམར་འདོན་གྱིས་དག་ཐེར་ཡོ་བསྲང་ལ་དམ་འཛིན་དང་། དངོས་གནས་ཡོ་བསྲང་། དག་ཐེར་གནད་ལ་འཁེལ་བ་བཅས་བྱས་ཏེ། ས་ཁོངས་གཅིག་གི་དག་ཐེར་ལ་བརྟེན་ནས་ས་ཁོངས་ཧྲིལ་པོ་མཐོར་འདེགས་གཏོང་བར་སྐུལ་འདེད་གཏོང་བ་དང་། དོན་ངན་དེ་དོན་བཟང་དུ་འགྱུར་བར་བྱེད་དགོས། སྔོ་ལྗང་སྲུང་སྐྱོང་དང་། སྔོ་ལྗང་རྒྱ་ཆེར་གཏོང་བ། སྔོ་ལྗང་དར་རྒྱས་གཏོང་བ་བཅས་ཀྱི་བྱ་སྤྱོད་གཏིང་ཟབ་སྤེལ་ནས་ཆུ་བཅོས་པ་དང་། ཆུ་ལ་དོ་དམ་བྱེད་པ། ཆུ་དར་རྒྱས་གཏོང་བ་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ། གཏོགས་ཁོངས་དང་། ལས་རིགས། སྤྱི་ཚོགས་བཅས་ཀྱི་འགན་འཁྲི་ནན་དུ་བཏང་ནས་བོད་ཤར་རྒྱུད་ཀྱི་སྲོག་ཆགས་དང་། རྩི་ཤིང་། རི་ཆུ་ཀླུང་གསུམ་བཅས་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།

