国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年07月28日

ལྕགས་ར་རྒྱབ་ཡར་ཐང་ཁའི་དུར་ཕུང་གི་གཉེན་ཉེ་འཚོལ་བའི་ཆ་འཕྲིན་ཐོ་འགོད་སྐོར་གྱི་སྤྱི་བསྒྲགས།

པུར་འཇུག་དོ་དམ་སྲོལ་ཡིག་དང་།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་བོད་ས་མཐོའི་སྣོད་བཅུད་སྲུང་སྐྱོང་བཅའ་ཁྲིམསབོད་རང་སྐྱོང་ལྗོངས་ཀྱི་སྤྱི་པའི་བང་སོ་དོ་དམ་གནས་སྐབས་ལག་བསྟར་བྱ་ཐབས།བོད་དམངས་སྤེལ་2025ཨང་114པ་སོགས་འབྲེལ་ཡོད་གཏན་འབེབས་ལག་བསྟར་གཏིང་ཟབ་བྱ་རྒྱུ་དང་།དམངས་སྲིད་ཁྱབ་ཁོངས་ཀྱི་པུར་འཇུག་ཚད་ལྡན་ཅན་གྱི་དོ་དམ་བྱ་རྒྱུ།པུར་འཇུག་ཡིག་ཚགས་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལས་དོན་གྱི་བླང་བྱ་དོན་འཁྱོལ་ནན་པོ་བྱ་རྒྱུ།རང་ལྗོངས་ཀྱི་དུར་འཇུག་སྟེགས་བུའི་ཉེ་འཁོར་གྱི་དུར་སའི་རྒྱུན་གཏན་གྱི་དོ་དམ་སྲུང་སྐྱོང་ལས་དོན་སྔར་བས་ཚད་ལྡན་དུ་གཏོང་རྒྱུ་དང་། དུར་སའི་རྨང་གཞིའི་ཆ་འཕྲིན་སྟེགས་ཐོའི་ཞན་ཆ་གསབ་རྒྱུ། བོད་རིགས་ས་ཁུལ་གྱི་སྲོལ་རྒྱུན་དུར་འཇུག་དམངས་སྲོལ་ལ་བརྩི་འཇོག་ཏན་ཏིག་བྱེད་རྒྱུ་དང་།མང་ཚོགས་ཀྱི་རུས་རྒྱུད་འབྱུང་རྩ་འཚོལ་བའི་ལུགས་མཐུན་ཁེ་དབང་སྲུང་སྐྱོབ་བཅས་བྱ་ཆེད། ཁ་རུབ་ཆུས་དམངས་སྲིད་ཅུད་དང་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་ཅུད་ཀྱིས་ལྕགས་ར་རྒྱབ་ཡར་ཐང་ཁའི་དུར་ཕུང་ལ་ཁྱོན་ཡོངས་ནས་རྩད་གཅོད་དང་།ཆ་འཕྲིན་ཞིབ་བཤེར།གཉེན་ཉེ་འཚོལ་དབང་གཏན་འཁེལ་བཅས་དང་དེ་བཞིན་ཡིག་ཚགས་འཐུས་ཚང་དུ་གཏོང་རྒྱུ་ཡིན་པས། ད་ལྟ་འབྲེལ་ཡོད་དོན་ཚན་ཡོངས་བསྒྲགས་བྱ་རྒྱུ་གཤམ་གསལ།

གཅིག ལས་ཡུལ་དངོས་ལ་གྲལ་བཤེར་བྱས་པའི་སྤྱིའི་གནས་ཚུལ།

ཉེ་དུས། ཁ་རུབ་ཆུས་དམངས་སྲིད་དང་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་ཅུད་ཀྱིས་ལྕགས་ར་རྒྱབ་ཡར་ཐང་ཁའི་སྣོད་བཅུད་སྲུང་སྐྱོང་དང་དམར་ཐིག་ཁྱབ་ཁོངས་ནང་ཡོངས་ཁྱབ་གྲལ་བཤེར་བྱས་ཏེ། གནས་རེ་རེ་བཞིན་ཞིབ་དཔྱད་དང་།ལས་ཡུལ་དངོས་སུ་པར་ལེན་ཡིག་ཚགས་བཟོ་བ།གནས་ཚད་ཆ་འཕྲིན་ཐོ་འགོད་བཅས་བྱས་པ་བརྒྱུད་ལྕགས་ར་རྒྱབ་ཡར་ཐང་ཁའི་དུར་ཕུང་གི་གཞི་གྲངས་ཁྱོན་ཡོངས་ནས་གསལ་པོ་རྟོགས་ཐུབ་པ་བྱུང་ཡོད།ད་ལྟའི་དུས་མཚམས་སུ་བརྟག་དཔྱད་བྱས་ནས་སྒྲིག་པའི་ཁྱབ་ཁོངས་སུ་ཁྱོན་བསྡོམས་དུར་ཕུང་242ཡོད་པ་དང་།ཞིབ་ཕྲའི་རིགས་དབྱེའི་གནས་ཚུལ་གཤམ་གསལ།

1.ཆ་འཕྲིན་ངོས་འཛིན་ཐུབ་པའི་དུར་ཕུང་76ཡོད་པ་སྟེ། རྡོ་རིང་གི་བརྐོས་རིས་དང་། ཡི་གེ མཚོན་རྟགས། མཆོད་འབུལ་གྱི་རྗེས་ཤུལ་ཡོད་པ། ཁྱིམ་རྒྱུད་ཀྱི་ཆ་འཕྲིན་ཁུངས་འདེད་ཐུབ་པ།

2.ཆ་འཕྲིན་མེད་པ་དང་མིང་མེད་པའི་དུར་ས་166ཡོད་པ་སྟེ། མཆོད་འབུལ་གྱི་ཟིན་ཐོ་མེད་པ་དང་། དབང་ཁོངས་ཀྱི་ཁུངས་སྣེ་མེད་པ། ཡུན་རིང་གཉེན་ཉེ་མེད་པ་བཅས་ཀྱི་ཤུལ་བཞག་དུར་ཕུང་།

གཉིས། ད་ཐེངས་ཀྱི་ཡོངས་བསྒྲགས་དོན་ཚན། པུར་འཇུག་ཡིག་ཚགས་དོ་དམ་ཚད་ལྡན་དུ་གཏོང་རྒྱུ་དང་།དུར་སའི་ཆ་འཕྲིན་རྩིས་ཐོ་འཐུས་ཚང་དུ་གཏོང་རྒྱུ།དབང་ཁོངས་འབྲེལ་བ་གསལ་པོ་བཟོ་རྒྱུ།མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་བཅས་བྱ་ཆེད་ཡིན་པས།ད་ལྟ་སྤྱི་ཚོགས་ལ་ཕྱོགས་ནས་གཉེན་ཉེ་འཚོལ་བའི་ཐོ་འགོད་ལས་དོན་སྤེལ་རྒྱུ་ཡིན་པ་དང་།ད་ཐེངས་ཀྱི་ཡོངས་བསྒྲགས་ཁྱབ་ཁོངས་ནི་ལྕགས་ར་རྒྱབ་ཡར་ཐང་ཁའི་དུར་ཕུང་242ཚང་མ་ཚུད་ཡོད་པ་དང་། ཡོངས་བསྒྲགས་དུས་ཡུན་ཉིན་60ཡིན་པས། འབྲེལ་ཡོད་ཁྱིམ་མི་དང་གནས་ཚུལ་ཤེས་མཁན་གྱིས་དུས་ཐོག་ཏུ་ཐོ་འགོད་བྱེད་དགོས།

གསུམ།གཉེན་ཉེ་འཚོལ་བའི་ཆ་འཕྲིན་ཐོ་འགོད་བྱེད་སྟངས།

ད་ཐེངས་ལས་ཡུལ་དངོས་ལ་ཐོ་འགོད་བྱ་རྒྱུ་གཙོ་བོར་བྱེད་རྒྱུ་དང་།དུས་མཚུངས་ས་ཆ་གཞན་ལ་ཡོད་པའི་མང་ཚོགས་ལ་ཁ་པར་ཐོག་ནས་ཐོ་འགོད་དང་མངགས་བཅོལ་ཚབ་སྒྲུབ་ཀྱི་ཐོ་འགོད་བྱེད་སྟངས་གཉིས་ཁ་གསབ་བྱས་ཡོད།

གཅིག ཐོ་འགོད་ས་གནས།

ཐོ་འགོད་ས་གནས། ཁ་རུབ་ཆུས་རྫ་ཟམ་ཁ་ཁྲོམ་གཞུང་དོན་གཅོད་ཁང་།ལྕགས་ར་རྒྱབ་ཡར་ཐང་ཁའི་དུར་ཕུང་གནས་སྤོའི་ཆེད་དོན་ཚོགས་ཆུང་།

ཐོ་འགོད་དུས་ཚོད།ཡོངས་བསྒྲགས་དུས་ཚོད་ནང་གི་ལས་ཀའི་ཉིན་མོའི་གཟའ་ཟླ་བ་ནས་གཟའ་པ་སངས་བར། སྔ་དྲོའི་ཆུ་ཚོད་9:30ནས་13:00བར། ཕྱི་དྲོའི་ཆུ་ཚོད་15:30ནས་18:30བར།

མཁོ་བའི་འཛིན་ཤོག།རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་དང་། གཉེན་ཉེའི་འབྲེལ་བའི་དཔང་ཡིག དུར་ཕུང་གི་འབྲེལ་ཡོད་དཔང་ཡིག་བཅས་དང་།ལས་ཡུལ་དངོས་ལ་ཆ་འཕྲིན་ཞིབ་བསྡུར་དང་།དབང་ཁོངས་གཏན་འཁེལ་བྱེད་རྒྱུ་དང་ཐོ་འགོད་བྱེད་དགོས།

གཉིས།ས་ཆ་གཞན་ལ་ཡོད་པའི་མང་ཚོགས་ཀྱི་འགྲོ་ལུགས་སྒྲུབ་སྟངས།

ས་ཆ་གཞན་དུ་ཡོད་པས་ཐོ་འགོད་བྱེད་པར་ཡོང་ཐབས་བྲལ་བའི་མི་སྣས་ཡིན་ཚེ།སྔོན་ལ་ཡོངས་བསྒྲགས་ཀྱི་འབྲེལ་གཏུག་ཁ་པར་བརྒྱབ་སྟེ་ཆ་འཕྲིན་ཐོ་འགོད་བྱེད་དགོས་པ་དང་ས་གནས་དེ་གའི་གཉེན་ཉེ་དང་།གྲོང་ཚོ་གྲོང་འབངས།ཨུ་ཡོན་ལྷན་ཁང་གི་ལས་དོན་མི་སྣར་ཐོ་འགོད་འགྲོ་ལུགས་ཚབ་སྒྲུབ་བྱ་རྒྱུའི་མངགས་བཅོལ་བྱས་ཀྱང་ཆོག ཚབ་སྒྲུབ་བྱེད་མཁན་གྱིས་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་དང་།མངགས་བཅོལ་བྱེད་མཁན་གྱི་འབྲེལ་ཡོད་དཔང་ཡིག་དུས་མཚུངས་སུ་སྟོན་དགོས།

བཞི།འབྲེལ་ཡོད་ལས་ཀའི་གསལ་བཤད།

1.རྒྱ་ཆེའི་མང་ཚོགས་ཀྱིས་ཕན་ཚུན་བརྒྱུད་བསྒྲགས་དང་།རྒྱ་ཁྱབ་ངང་བརྒྱུད་བསྐུར་བྱས་ཏེ། གཉེན་ཉེ་འཚོལ་བའི་ཐོ་འགོད་ལས་དོན་ནང་ཧུར་ཐག་ཞུགས་རྒྱུ་དང་། མི་སྒེར་གྱི་ཁྱིམ་རྒྱུད་ཀྱི་དུར་ཕུང་གི་ཆ་འཕྲིན་དུས་ཐོག་ཏུ་འཐུས་ཚང་དུ་གཏོང་དགོས་པ་དང་།ཡིག་ཚགས་ཆད་ལྷག་ཡོད་པ་ཁ་གསབ་བྱ་དགོས།

2.ཡོངས་བསྒྲགས་ཐོ་འགོད་དུས་ཚད་ཐིམ་རྗེས། དུས་བཀག་ལས་ཡོལ་བའམ་ཡང་ན་ངོས་འཛིན་བྱེད་མཁན་མེད་པ་དང་། གཉེན་ཉེའི་ཐོ་འགོད་མེད་པ། གོ་ཆོད་པའི་དབང་ཁོངས་དཔང་རྟགས་མེད་པ་བཅས་ཀྱི་མིང་མེད་དུར་ཕུང་ཁྲིམས་ལྟར་བདག་མེད་དུར་ས་ལྟར་ཐག་གཅོད་བྱས་ཏེ། གཅིག་གྱུར་ཐོག་ཆབ་མདོ་གྲོང་ཁྱེར་གྱི་སྤྱི་པའི་དུར་ས་རུ་སྤོས་ནས་དུར་འཇུག་འོས་འཚམ་བྱ་རྒྱུ་དང་། དུར་འཇུག་གི་ཤུལ་བཞག་ཚད་ལྡན་ཅན་གྱི་རྩིས་ཐོའི་ནང་བཅུག་ནས། རྒྱུན་རྣམ་ཅན་གྱི་དོ་དམ་སྲུང་སྐྱོང་བྱ་རྒྱུ་ཡིན།

ཆེད་དམིགས་སྤྱི་བསྒྲགས།

འབྲེལ་གཏུག་ཁ་པར། 0895-4821995

ཟུར་མཆན། ཆབ་མདོ་གྲོང་ཁྲེར་ལྕགས་ར་རྒྱབ་ཡར་ཐང་ཁའི་དུར་ཕུང་ཁྱབ་ཚུལ་རི་མོ།

ཁ་རུབ་ཆུས་དམངས་སྲིད་དང་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་ཅུད།

2026ལོའི་ཟླ་བ་7པའི་ཚེས་24ཉིན།