国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年07月28日

བྲག་གཡབ་རྫོང་གིས་ཉི་ནུས་སྒྲིག་ཆས་ལྷུ་སྒྲིག་གི་ལག་རྩལ་འགྲན་སྡུར་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། བྲག་གཡབ་རྫོང་གིས་ཉི་ནུས་སྒྲིག་ཆས་ལྷུ་སྒྲིག་གི་ལག་རྩལ་འགྲན་སྡུར་སྤེལ་ཏེ་དངོས་འཐབ་དངོས་སྦྱོང་གིས་ཞིང་འབྲོག་པའི་ལག་རྩལ་མཐོ་རུ་བཏང་བ་དང་། དངོས་སྒྲུབ་འགྲན་བསྡོས་ཀྱིས་མང་ཚོགས་རང་འགུལ་ཐོག་ཕྱུག་འགྱུར་ཡོང་བ་དང་ཕ་ཡུལ་དར་རྒྱས་གཏོང་བའི་ནང་གནས་སྒུལ་ཤུགས་སྐུལ་སློང་བཅས་བྱས་ཏེ། ནུས་རྒྱུ་གཙང་མའི་ལག་རྩལ་ས་མཐའི་ཁྱིམ་ཚང་ཀུན་ལ་བསྐྱོད་དེ་གྲོང་གསེབ་དར་རྒྱས་འགྲོ་བར་ལྗང་མདོག་གི་སྒུལ་ནུས་བསྩལ་ཡོད།

“དོན་ཆེན་བཞི”ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་།“འཛུགས་གཏོད་བཞིར”དམིགས་པ།“ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་དེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་བསྐྲུན་རྒྱུའི”ལས་དོན་དམིགས་ཚད་དམ་པོར་དམིགས་ཆེད། བྲག་གཡབ་རྫོང་གིས“དྲུག་ལྡན་བྲག་གཡབ”ཀྱི་སྟོབས་རྫོང་བྱ་ཐབས་སྐུལ་འདེད་ཤུགས་ཆེན་བཏང་ནས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་སྡུར་བྱེད་སྒོ་སྐབས་གཉིས་པ་ཏན་ཏིག་ངང་སྤེལ་ཡོད། ཉེ་ཆར། རྫོང་འཕེལ་སྒྱུར་ཨུ་ལྷན་དང་རྫོང་མི་སྤྱི་ཅུས་མཉམ་འབྲེལ་སྒོས་སྒྲུབ་པའི་དེང་རབས་ཀྱི་ལག་རྩལ་སྟེ་ཉི་ནུས་སྒྲིག་ཆས་ལྷུ་སྒྲིག་གི་འགྲན་སྡུར་དངོས་སུ་འགོ་ཚུགས་པ་རེད།

འགྲན་སྡུར་ཐོག་འགྲན་ཞུགས་རུ་ཁག་གཉིས་མཉམ་གཅིག་ཏུ་འགྲན་སྡུར་བྱས་ཏེ་སྤོབས་པ་ཆེན་པོས་སྔོན་ཐོན་བརྩོན་ལེན་བྱས་ཡོད་པ་རེད།