འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཆབ་མདོ་གྲོང་ཁྱེར་གྱི“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”སྐབས་གཉིས་པའི་གཞུང་ཡིག་རྩོམ་འབྲིའི་འགྲན་སྡུར་གྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་གཏིང་ཟབ་བྱས་ཏེ།ཏང་སྲིད་ལས་བྱེད་པའི་གཞུང་ཡིག་རྩོམ་འབྲིའི་ནུས་པ་མཐོར་འདེགས་གཏོང་ཆེད། ཉེ་ཆར། ཁ་རུབ་ཆུས་ཀྱིས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”སྐབས་གཉིས་པའི་གཞུང་ཡིག་རྩོམ་འབྲིའི་འགྲན་སྡུར་སྤེལ་བ་རེད།
ཐེངས་འདིའི་འགྲན་སྡུར་ནང་ཁྱོན་ལས་བྱེད་པ69ཞུགས་ཡོད་པའི་ཁྲོད། ཆུས་ཐད་གཏོགས་ཚན་པའི་མི45དང་ཤང་གྲོང(ཁྲོམ་གཞུང)མི24བཅས་ཡོད།
འགྲན་སྡུར་དེ་གསང་ཐབས་རྒྱུགས་ལེན་རྣམ་པའི་ཐོག་ནས་སྤེལ་ཞིང་།རྒྱུགས་གཞིའི་ནང་དོན་ནི་གཞི་རིམ་གྱི་ལས་དོན་དངོས་ཡོད་དང་འབྲེལ་ཞིང་རྒྱུན་ལྡན་གྱི་གཞུང་ཡིག་འབྲི་རྒྱུར་དམ་པོར་དམིགས་ཏེ་ཟིན་བྲིས་གནད་བསྡུས་དང་། བརྡ་ཐོ།ལས་དོན་སྤྱི་བསྡོམས།འགོ་ཁྲིད་ཀྱི་གསུང་བཤད་སོགས་རྒྱུན་སྤྱོད་ཡིག་རིགས་འདུས་ཡོད།
དཔྱད་ཞིབ་དྲང་སྙོམས་དྲང་བཞག་ཡོང་ཆེད།འགྲན་སྡུར་ཐོག་ཆུས་ཨུད་གཞུང་དོན་ཁང་དང་།ཆུས་སྲིད་གཞུང་གཞུང་དོན་ཁང་། ཆུས་ཨུད་རྩ་འཛུགས་པུའུ་བཅས་ཀྱི་ཡིག་རིགས་རྐང་འཛིན་པ་ལས་གྲུབ་པའི་དཔྱད་ཞིབ་ཚོགས་ཆུང་བཙུགས་ཡོད།

