国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年07月28日

རང་རེའི་གྲོང་ཁྱེར་གྱིས་ཀྲུང་དབྱང་གི་བདེ་འཇགས་ཐོན་སྐྱེད་དཔྱད་ཞིབ་སྐོར་བཤེར་ཚོགས་ཆུང་གིས་བཏོན་པའི་གནད་དོན་གྱི་རྐྱེན་རྩ་དག་ཐེར་སྐོར་གྱི་ཆེད་དོན་བཀོད་སྒྲིག་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།རང་རེའི་གྲོང་ཁྱེར་གྱིས་ཀྲུང་དབྱང་གི་བདེ་འཇགས་ཐོན་སྐྱེད་དཔྱད་ཞིབ་སྐོར་བཤེར་ཚོགས་ཆུང་གིས་བཏོན་པའི་གནད་དོན་གྱི་རྐྱེན་རྩ་དག་ཐེར་སྐོར་གྱི་ཆེད་དོན་བཀོད་སྒྲིག་ཚོགས་འདུ་འཚོགས་པ་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཚོགས་འདུ་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལི་གཡོད་ཧུང་གིས་ཚོགས་འདུ་གཙོ་སྐྱོང་ཞུས་ཡོད།

ཚོགས་འདུའི་ཐོག་ཀྲུང་དབྱང་གི་བདེ་འཇགས་ཐོན་སྐྱེད་དཔྱད་ཞིབ་སྐོར་བཤེར་ཚོགས་ཆུང་བཅོ་བརྒྱད་པས་མངོན་བཤེར་ལྐོག་ཞིབ་སྐབས་སུ་རྟོགས་པའི་རྐྱེན་རྩའི་ཐོ་ཡིག་བརྡ་ཁྱབ་བཏང་བ་དང་། འབྲེལ་ཡོད་རྫོང་ཆུས་དང་ལས་ཁུངས་སྡེ་ཚན་གྱིས་ལན་སྤྲོད་གནད་དོན་དག་ཐེར་སྐོར་ནས་གཏམ་བཤད་གནང་བ་རེད།

ལའོ་ཆིན་འུའུ་ཡིས་རིམ་པ་ཁག་དང་ཚན་པ་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད། གྲོང་ཨུད་བཅས་ཀྱི་ལས་དོན་བཀོད་སྒྲིག་དོན་འཁྱོལ་བྱེད་པ། ལོ་རྒྱུས་དཔེར་འཛིན་ཞིང་སྔར་བྱུང་གི་ཉམས་མྱོང་ལེན་ཏེ།“ཐག་ཞོར་འབྲེང་འདྲུད”ཀྱི་དཔེ་ལྟར་ཡོང་བའི་མིག་རྒྱང་བསྲིངས་པ་དང“རྦབ་རྡོ་རི་ལ་སྒྲིལ་བའི”དཔེ་ལྟར་ངར་ཤུགས་བསྐྱེད་ཅིང“རྐང་པ་དར་ཐོག་སྤོ་བའི”དཔེ་ལྟར་གཟབ་ནན་དགོས་ཤིང་། དུས་དང་རྣམ་པ་ཀུན་ཏུ་བདེ་འཇགས་ཐོན་སྐྱེད་ཀྱི་རིག་པ་རབ་ཏུ་བསྒྲིམས་ནས།སེམས་ལ་གདེང་དྲོད་དང་འཆར་གཞི་སྔ་འགོད་ཀྱིས་བློ་མི་འཚབ་པར་བྱ་དགོས།

ལའོ་ཆིན་འུའུ་ཡིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ལམ་ལུགས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ།ལས་རིགས་ཀྱི་ལྟ་སྐུལ་དོ་དམ་དང་ཁོངས་གཏོགས་དོ་དམ་གྱི་འགན་ཆེན་སྒྲུབ་པ། འགན་འཁྲི་དམ་ཚགས་སུ་གཏོང་བ་བཅས་བྱེད་དགོས་པ་དང་།ཚན་རྩལ་གྱི་འདེགས་སྐྱོར་ལ་ཤུགས་སྣོན་རྒྱག་པ་དང་ཆེད་ལས་ཀྱི་འཇོན་ཐང་ཆེ་རུ་སྐྱེད་པ།ལག་རྩལ་གྱི་ཚད་གཞི་ལག་ལེན་ནན་པོར་བསྟར་བ། འབྱུང་རྩ་ནས་དོ་དམ་ཚོད་འཛིན་དང་རྐྱེན་ངན་གྲལ་བཤེར་ལ་དམ་འཛིན་བྱེད་པ། ཆེད་ལས་ཀྱི་འཇོན་ཐང་ལ་བརྟེན་ནས་བདེ་འཇགས་འགོག་སྲུང་གི་འཛིང་རགས་བརྟན་པོར་བསྐྲུན་པ་བཅས་བྱས་ཏེ། རྒྱུན་རྣམ་ཅན་གྱི་ཕྱོགས་བསྡོམས་རྒྱུན་འཁྱོངས་དང་ཉམས་མྱོང་དང་བསླབ་བྱ་མ་ལུས་བདག་གིར་ལེན་པ།དཔེ་བཞག་རིགས་འགྲེའི་སྒོ་ནས་དག་ཐེར་ལ་སྐུལ་འདེད་གཏོང་བ། རྐྱེན་ངན་སྣ་ཚོགས་དངོས་སུ་དག་ཐེར་བཅོས་སྒྲིག་དང་མཐིལ་རྟོགས་གཙང་སེལ་ཡོང་བར་སྐུལ་འདེད་གཏོང་དགོས་ཅེས་བླང་བྱ་བཏོན་ཡོད།