国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年07月28日

ཀྲོང་ཅིན་སུང་གིས་གྲོང་ཁྱེར་འཕྲལ་སྡོམ་བཀོད་འདོམས་པུའི་ཚོཌ་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲོང་ཁྱེར་འཕྲལ་སྡོམ་བཀོད་འདོམས་པུའི་ཚོགས་འདུ་གཙོ་སྐྱོང་གནང་ནས་གྲོང་ཁྱེར་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་གནས་ཚུལ་སྙན་སེང་ལ་གསན་པ་མ་ཟད། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་བྱས་ཡོད།

ཚོགས་འདུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱ་རྒྱུ་ཨང་དང་པོ་བཞག་སྟེ། ཐན་འགོག་རྒུད་སྐྱོབ་དང་བདེ་འཇགས་ཐོན་སྐྱེད་ལས་དོན་ཐད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་བཏོན་པའི་ནང“མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བའི”བརྩེ་སེམས་ཟབ་མོ་གང་ལེགས་མངོན་པ་དང་། ཆབ་མདོའི་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པར་འགྱུར་མེད་ཀྱི་ཚད་གཞི་བཟོས་ཡོད། ཆབ་མདོ་ནི་འཕྲེད་རྒྱུག་རི་བརྒལ་གྱི་ཡུལ་དབུས་སུ་གནས་ཡོད་པས་ས་གཤིས་ཀྱི་ཆ་རྐྱེན་རྙོག་འཛིང་ཆེ་ཞིང་རང་བྱུང་གི་གནོད་འཚེ་རིགས་མང་ལ་རོགས་སྐྱོབ་ཀྱི་དཀའ་ཚད་ཆེན་པོ་ཡོད།

རིམ་པ་ཁག་དང་ཚན་པ་ཁག་གིས་ངེས་པར་དུ་བདེ་འཇགས་ཐོན་སྐྱེད་དང་ཐན་འགོག་རྒུད་སྐྱོབ་ཀྱི་ལས་དོན་ཁག་ལ་ཚད་མཐོའི་མཐོང་ཆེན་བྱེད་དགོས་ཤིང་། མཐའ་ཚད་ཀྱི་བསམ་ཕྱོགས་བརྟན་པོར་འཛུགས་པ་དང་། ལྷོད་གཡེང་དང་གཡོལ་སེམས་མི་བྱེད་པར་རྟག་ཏུ་བློ་བཟོད་མི་བདེ་བ་དང་བྱ་བ་ཚང་མ་གདེང་ཚོད་ཐུབ་པ་བྱས་ཏེ། དངོས་ཡོད་བྱ་སྤྱོད་ཀྱི་ཐོག་ནས“གཏན་འཁེལ་གཉིས”མཐའ་གཅིག་ཏུ་བརྩི་སྲུང་ཞུ་བ་དང་།“སྲུང་སྐྱོབ་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱེད་དགོས་ཅེས་བསྟན།

ཚོགས་འདུ་ཡིས་འཕྲལ་བསྟུན་སྔོན་ཇུས་ཞིབ་ཕྲ་དང་འཐུས་ཚང་དུ་གཏོང་དགོས་ཤིང་། དངོས་ཟོག་གྲབས་གསོག་ཡག་པོ་སྒྲུབ་པ་དང་འཕྲལ་སྡོམ་དཔུང་ཁག་སྟོབས་ཆེར་འཛུགས་སྐྲུན། སྐབས་འཕྲལ་གྱི་གནོད་འཚེའི་ཉེན་ཟོན་སྔོན་བརྡ་དང་འཕྲལ་སྡོམ་དང་ལེན་མཉམ་འགུལ་ཆེ་རུ་གཏོང་བ། བདེ་འཇགས་ཆེ་མོ་དང་འཕྲལ་སྡོམ་ཆེ་མའི་རྣམ་པ་བསྐྲུན་པ་བཅས་བྱས་ཏེ། འཕྲལ་སྡོམ་དོ་དམ་མ་ལག་དང་ནུས་པའི་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་དགོས། རང་བྱུང་ཐོན་ཁུངས་སོགས་ཚན་པས་ས་གཤིས་གནོད་ཐེབས་ཡུལ་གྱི་ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་སྔོན་བརྡར་ཤུགས་སྣོན་རྒྱག་དགོས་ཤིང་། རི་གཤགས་ནས་ཁང་པ་བསྐྲུན་པ་དང་གང་འདོད་དུ་འཛུགས་སྐྲུན་བྱེད་པ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་རྡུང་རྡེག་ཚ་ནན་བཏང་ནས་མིས་བཟོས་པའི་ས་གཤིས་ཀྱི་ཉེན་ཁ་མེད་པར་བཟོ་དགོས་པའི་བླང་བྱ་བཏོན་ཡོད།