国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年07月28日

ཆོས་དབྱིངས་ལྷ་མོ།

རང་འགན་ཕྲག་ཏུ་བཞེས། དམངས་ཀྱིས་གུས་བཀུར་ཐོབ།

འདི་ནི་ཆོས་དབྱིངས་ལྷ་མོས་མང་ཚོགས་ཀྱི་ཁྱིམ་དུ་འཚམས་འདྲི་ཕྱིན་པ།

གོ་འཇོ་རྫོང་འབོ་ལོ་གྲོང་རྡལ་གླིང་ཐང་གྲོང་ཚོ་ནི་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་གྲོང་གི་ཉེ་འདབས་དུ་གནས་པ་དང་དེ་ནི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འབྲེལ་མཚམས་ཡིན་ལ་གྲོང་ཁྱེར་གྱི་འབྱུང་འགྱུར་འཕེལ་རྒྱས་ཀྱི་རྒྱ་སྐྱེད་ཁུལ་གལ་ཆེན་ཞིག་ཀྱང་རེད།

ཆོས་དབྱིངས་ལྷ་མོ་ནི་ད་ལྟ་གོ་འཇོ་རྫོང་གླིང་ཐང་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིན་ལ་རང་སྐྱོང་ལྗོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་ཡང་ཡིན།

ཁོ་མོས་ཏང་ཀྲི་པུའུ་ཧྲུའུ་ཅིའི་ལས་འགན་བཞེས་པ་ནས་བཟུང་།གཞི་རིམ་དུ་རྩ་བ་ཚུགས་པ་དང་མང་ཚོགས་དང་ཉེ་བར་བཅར་ཏེ་ནམ་རྒྱུན་དམངས་ཀྱི་འདོད་བློར་གསན་པ་དང་མང་ཚོགས་ཀྱི་ཁ་ཚ་དགོས་གཏུག་གི་གནད་དོན་གང་མང་ཞིག་ཐག་གཅོད་བྱས་ཡོད་པ་རེད།

2024ལོར། རྫོང་ཡོངས་ཀྱི་ནུས་རྒྱུ་གཙང་མ་སྤྱད་དེ་གཅིག་སྡུད་ཐོག་དྲོད་རླངས་མཁོ་འདོན་བྱེད་པའི་རྣམ་གྲངས་གླིང་ཐང་གྲོང་ཚོར་ལག་བསྟར་བྱས་ཤིང་། ཨར་ལས་ཀྱི་རྐྱེན་གྱིས་མང་ཚོགས་ཀྱི་འཚོ་བར་ཤན་ཤུགས་བཟོས་པས་མང་ཚོགས་ཁག་གཅིག་གིས་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད། དེའི་རྐྱེན་གྱིས་ཆོས་དབྱིངས་ལྷ་མོས་རང་འགུལ་ཐོག་འགན་འཁྲི་འཁུར་ཏེ་དུད་ཚང་རེ་རེ་བཞིན་དུ་བསྐྱོད་དེ་སྲིད་ཇུས་སྒྲོག་འགྲེལ་དང་འགལ་ཟླ་སེལ་བ། ཨར་ལས་ཇུས་གཞི་ལེགས་སུ་གཏོང་བ། དམངས་ཕན་ཁ་གསབ་བརྩོན་ལེན་བཅས་བྱས་ནས་མང་ཚོགས་ཀྱི་བསམ་བློ་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཏེ་རྣམ་གྲངས་དུས་བཀག་ལྟར་ལས་མཇུག་འགྲིལ་ནས་འཁོར་སྐྱོད་བྱེད་འགོ་ཚུགས་པའི་འགན་ལེན་བདེ་བླག་ངང་བྱས་ཏེ་རྫོང་གྲོང་དགུན་དུས་ཀྱི་དྲོད་ལེན་དཀའ་གནད་ཐག་གཅོད་མཐར་ཕྱིན་པ་བྱས་པ་རེད།

དེ་དང་ཆབས་ཅིག་ཁོ་མོས་རོགས་སྐྱོར་མ་དངུལ་སྒོར་ཁྲི་1869.49བརྩོན་ལེན་ཧུར་ཐག་བྱས་ནས་མཛེས་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་བཏང་སྟེ་མི་སྡོད་ཁོར་ཡུག་ཁྱོན་ཡོངས་ནས་ལེགས་སུ་བཏང་བ་རེད།

2025ལོར་སྐབས་བརྗེ་སྐབས། ཁོ་མོ་སླར་ཡང་འདེམས་ཤོག་མཐོ་པོ་འཕངས་ནས་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅིར་བདམས་ཐོན་བྱུང་བ་རེད། ཁོ་མོས་ཐོག་མཐའ་བར་གསུམ་དུ་དངོས་སྒྲུབ་འགན་འཁྲི་འཁུར་ཏེ་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་། གྲོང་གསེབ་དར་རྒྱས་གཏོང་བའི་ནུས་པ་སྤྱད་དེ་བྱ་སྤྱོད་དངོས་ཀྱིས་དུས་རབས་གསར་པའི་གཞི་རིམ་ཏང་ཡོན་གྱི་ཐོག་མའི་བསམ་འདུན་དང་འགན་འཁྲི་མངོན་པར་བྱས་ཡོད།