国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年07月28日

ཀྲོང་ཅིན་སུང་གིས་གྲོང་ཨུད་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲོང་ཨུད་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་འབྲེལ་ཡོད་ཡིག་ཆར་ཞིབ་འཇུག་དང་གྲོས་ཞིབ་བྱས་པ་མ་ཟད། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་བྱས་ཡོད།

ཚོགས་འདུ་ཡིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ནི“རྒྱལ་ཁབ་ཀྱི་དོན་ཆེན”ཡིན་པས། “གཏན་འཁེལ་གཉིས”མཐའ་གཅིག་ཏུ་བརྩི་སྲུང་དང་བློ་རྩ་བརྟན་པོས“སྲུང་སྐྱོབ་གཉིས”ཐུབ་པ་བྱེད་དགོས་ཤིང་། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་གྱི་སློབ་སྦྱོང་སློབ་གསོ་བརྟན་དུ་གཏོང་བ་དང་། ཡོངས་ཁྱབ་འབྲེལ་བ་དང་། མ་ལག་ཚང་བ། འཕེལ་རྒྱས་འགྱུར་ལྡོག་གི་ལྟ་བའི་ཐོག་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཁོང་དུ་ཆུད་པར་བྱེད་པ། རང་ཉིད་ཀྱི་མིག་ལ་གཅེས་སྤྲས་བྱེད་པ་བཞིན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་། ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་བཞིན་སྐྱེ་ཁམས་ཁོར་ཡུག་ལ་གཅེས་སྤྲས་བཅས་བྱས་ཏེ། གཟེར་འདེབས་སྙིང་སྟོབས་ཀྱི་ཐོག་ནས་ཆབ་མདོའི་རང་བྱུང་སྣོད་བཅུད་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས་ཅེས་བསྟན།

ཚོགས་འདུ་ཡིས་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱིས་ཚུར་ལེན་སྤྲད་པའི་གནད་དོན་དག་ཐེར་ལས་དོན་ནི“འགོ་ཁྲིད་གསར་པས་རྩིས་ཐོ་རྙིང་པར་ཁ་ཡ་མི་བྱེད་པའི”ཞིབ་ཕྲའི་ལག་ལེན་ཞིག་ཏུ་བརྩིས་ཏེ། རྣམ་འགྱུར་ནན་ཤོས་དང་། ཚད་གཞི་མཐོ་ཤོས། བྱ་ཐབས་ཆེ་ཤོས་བཅས་ཀྱི་ཐོག་ནས་གནད་དོན་དག་ཐེར་ལ་རྒྱུན་མཐུད་ཀྱིས་དམ་འཛིན་བྱེད་པ་དང་། ཟུར་བསྟན་ལེབ་མཐོང་དང་རྩ་ལག་མཉམ་བཅོས་ཀྱིས་ཏང་དང་མི་དམངས་ལ་ཚད་ལོངས་པའི་དག་ཐེར་གྱི་རྒྱུགས་ཤོག་སྤྲོད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་དགོས་ཤིང་། ཡོངས་ཁྱབ་རང་བཞིན་དང་མ་ལག་རང་བཞིན། མི་དམངས་མང་ཚོགས་ཀྱིས་བསམ་འཆར་ཆེན་པོ་འདོན་པའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་མངོན་གསལ་ཅན་ཏན་ཏིག་གིས་ཐག་གཅོད་ཡག་པོ་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་སྐྱེ་ཁམས་ཁོར་ཡུག་མཛེས་པོ་དང་སྐྱེ་ཁམས་ཐོན་རྫས་སྤུས་ལེགས་ལ་བཅངས་པའི་དགོས་མཁོ་སྐོང་ཐུབ་པ་བྱེད་དགོས། འགོ་ཁྲིད་ལས་བྱེད་པས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འགན་འཁྲི་འཁུར་རྒྱུ་ཁྲིད་སྟོན་བྱེད་པ་དང་། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། རྨང་གཞིའི་འགན་སྲུང་ལ་ཤུགས་སྣོན་རྒྱག་པ། བཅོས་སྐྱོང་གི་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ། གྲོང་ཁྱེར་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི“མིག་མངས་འགྲིག་སྐོར་གཅིག”གི་ལས་ཀའི་རྣམ་པ་ཆགས་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།