འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱིས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་དང་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སློབ་སྦྱོང་དང་གོ་བ་ལེན་པའི་ཆེད་དོན་དཔེ་ཀློག་འཛིན་གྲྭ་གཉེར་བ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་ཚོགས་འདུ་གཙོ་སྐྱོང་ཞུས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད།
ཚོགས་འདུ་ཡིས་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་ནི་མིག་སྔར་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་ཡག་པོ་བྱེད་ཅིང་གོ་བ་ཟབ་མོ་ལོན་ལ་དོན་མཐའ་འཁྱོལ་བ་བྱེད་པ་བཅས་ཀྱི་ཐད་ཤུགས་རྒྱག་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཆབ་སྲིད་ཀྱི་བརྡར་ཤ་གཅོད་པའི་ནུས་པ་དང་། ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་སྔར་བས་ཆེ་རུ་བཏང་ནས། སློབ་སྦྱོང་གི་ཕན་འབྲས་དེ“ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་དེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་བསྐྲུན་པར”་སྐུལ་འདེད་ཤུགས་ཆེན་གཏོང་ཐབས་སུ་བསྒྱུར་ནས་ལོ་ལྟར་རྣམ་པ་གསར་པ་དང་འཕེལ་རྒྱས་གསར་པ་མངོན་པའི་དངོས་དངོས་རྗེན་རྗེན་གྱི་ལས་རྗེས་ཐོན་དགོས་ཅེས་བསྟན།
ཚོགས་འདུ་ཡིས་ཆབ་མདོ་ནི་སྟོབས་ཤུགས་མཉམ་འདོན་གྱི་འགག་རྩའི་དུས་སྐབས་སུ་གནས་ཡོད་པས། ངེས་པར་དུ“དོན་ཆེན་བཞིར”དམ་པོར་དམིགས་པ་དང་། “འཛུགས་གཏོད་བཞིར”ཤུགས་སྒྲིལ་གྱིས་མ་བསྐུལ་དང་བླངས་ཀྱིས་བབ་བསྟུན་འཕྲལ་སྒྲུབ་བྱ་དགོས། “རྣམ་གྲངས་མཆོག་འཛིན”གྱི་འདུ་ཤེས་བརྟན་པོར་བསྐྱེད་པ་དང“གནས་ཐིག་ངོས”གསུམ་གྱི་བརྟག་ཐབས་སྨྲ་བ་ལེགས་པར་སྤྱད་དེ། རྣམ་གྲངས་ཅན་གྱི་བསམ་གཞིགས་ལམ་ནས“ལས་འགན་ཆེ་དགུའི་འདེགས་སྐྱོར”ལ་དམ་འཛིན་བྱ་དགོས། “དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་སྡུར་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། གོང་འོག་འབྲེལ་མཐུད་དང་ལག་བསྟར་ནུས་ལྡན་གྱི་རྩ་འཛུགས་མ་ལག་འཐུས་སྒོ་ཚང་དུ་བཏང་ནས། ཏང་གི་འགོ་ཁྲིད་ནི“ལུས་ཀྱིས་ལག་པ་བཀོལ་བ་དང་ལག་པས་མཛུབ་མོ་བཀོལ་བ”ཇི་བཞིན་ཡོང་བའི་འགན་ལེན་བྱ་དགོས། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བསྐྱེད་པ་དང་ལག་ལེན་སྐོར་གྱི་སློབ་སྦྱོང་སློབ་གསོ་ལ་སྐུལ་འདེད་གཏོང་བ་དང་། འཇམ་རྩུབ་ཟུང་འབྲེལ་གྱིས་ལས་སྒྲུབ་ལས་གཏོད་ཀྱི་ཁོར་ཡུག་བཟང་པོ་གཏོད་དགོས། བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་སྐྱོང་ཏང་སྡོམ་ལ་སྐུལ་འདེད་བཏང་ནས། ཏང་གཤིས་ཏང་སྲོལ་ཏང་ཁྲིམས་གསུམ་ག་མཉམ་འཛིན་བྱས་ཏེ། མདུན་གྲལ་དུ་བསླེབས་པ་དང་མིག་དཔེ་བཟང་སྟོན་གྱི་གཡུར་ཟའི་གྲུབ་འབྲས་ལ་བརྟེན་ནས། “ཆབ་མདོ་ནི་བོད་དུ་སྐར་ལྔའི་དར་དམར་ཐོག་མར་སྒྲེང་ཡུལ”གྱི་གཟི་བརྗིད་དང་སྙན་གྲགས་འཛིན་སྐྱོང་བྱ་དགོས་པའི་ནན་བཤད་གནང་ཡོད།

