国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年07月21日

ཞིང་བྲན་ཞིག་ནས་ཏང་གི་བཀའ་དྲིན་གྱིས་གསོས་པའི་མཛངས་མ་དཔལ་འཛོམས།

ཟླ་ཆུའི་འགྲམ་གཉིས་སུ་ནས་ཀྱི་སྙེ་མའི་མགོ་ལྕོག་ལྡེམ་ཞིང་སྔོ་ལྗང་གི་རི་མོ་བཀོད་པ་དང་། བྲག་གཡབ་རྫོང་མཁར་གྱི་ཐང་ཆེན་དུ་སྐོར་བྲོའི་དབྱངས་རྟ་རྒྱུན་མི་ཆད་པར་གྲགས་བཞིན་འདུག“འོད་སྟོང་འབར་བའི་ལོ་རྒྱུས་བློ་ལ་བཅངས། དམར་མདངས་ཆབ་མདོ་མདུན་སྐྱོད་ཡར་ལ་བརྩོན”ཞེས་པའི་བརྗོད་དོན་གཙོ་བོའི་བཅར་འདྲི་དང་འགྲོགས་ཏེ། གསར་འགོད་པ་ལོ་ན་བརྒྱད་ཅུར་སླེབས་པའི་བོད་རིགས་ཏང་ཡོན་རྒན་གྲས་དཔལ་འཛོམས་ཀྱི་ཁྱིམ་དུ་འབྱོར། རྒན་མོའི་ཁྱིམ་དུ་གཙང་སྦྲ་དོད་ཅིང་སྒྲིག་གཤོམ་གྲལ་སྟར་འགྲིག་ལ་གྱང་ངོས་སུ་བྱ་དགའི་རིགས་ཀྱིས་གཡོགས་པ་དང་། ཁང་འོག་གི་ར་སྐོར་ནང་དཀར་ཞིང་གཙང་ལ་བཀོད་པ་ལེགས་པོ་ཡོད། རྒུན་འབྲུམ་དང་། ཁམ་བུ། ཀུ་ཤུ་སོགས་ཀྱི་སྡོང་པོ་སྐྱེས་སྟོབས་ལེགས་ཤིང་ར་སྐོར་ནང་གི་གྱང་ངོས་སུ་ཐུར་དུ་དཔྱངས་ཡོད། དཔལ་འཛོམས་ཀྱིས་སྤྲོ་སེམས་འཁོལ་པོས་གསར་འགོད་པ་ནང་དུ་གདན་དྲངས་པ་དང་ཆབས་ཅིག་ཏུ་ཁང་པའི་ནང་ནས་བྱ་དགའི་དཔང་ཡིག་སེར་པོ་ཞིག་འཁྱེར་ཡོང་ཏེ་སྒྲོག་ཙེ་ཐོག་བཞག་པ་རེད། བོད་དམག་གི་མི་རབས་དགུ་པའི་འོས་ལངས་དཔོན་དམག་གི་རྗེས་རབས་པ་ཞིག་ཡིན་པའི་ངོས་ནས། (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) ཁོ་མོས་མི་ཚེ་གཅིག་རིང་གངས་ལྗོངས་ཀྱི་གཞི་རིམ་དུ་རྩ་བ་ཚུགས་ཏེ་དངོས་བྱུང་གི་ཉམས་མྱོང་གྲངས་མེད་ཀྱི་ཐོག་ནས་བོད་ལྗོངས་ཀྱི་མཆོང་སྐྱོད་དུས་རབས་ཀྱི་འཕོ་འགྱུར་ལ་བདེན་དཔང་བྱེད་བཞིན་ཡོད།

“དུས་རབས་རྙིང་པའི་ནང་རིམ་པ་དམའ་ཤོས་ཀྱི་མང་ཚོགས་འཚོ་གནས་ཀྱི་དཀའ་ངལ་ཡོད། ང་རང་ཆུང་དུས་སུ་ལྷམ་གྱོན་མ་མྱོང་། རྟག་པར་རྡོ་ཧྲུག་གིས་ཁེངས་པའི་རི་ལམ་དུ་འགྲོ་དགོས་པས་རྐང་མཐིལ་རྣག་ཏེ་རུས་པ་སྔ་མོ་ནས་དབྱིབས་འགྱུར་འདུག”ཅེས་དཔལ་འཛོམས་ཀྱིས“མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་མི་སྒེར”དཔང་ཡིག་ལག་པས་མགྱོགས་ཞོར་དུ་ཆུང་དུས་ཀྱི་དཀའ་ངལ་དེ་ལྟར་བརྗོད།

ཟླ་ཆུའི་བརླན་གྱིས་གསོས་པའི་གངས་ལྗོངས་མཐོ་སྒང་དུ། མི་ལོ་བདུན་བཅུ་ལྷག་གི་ལྷག་བསམ་དང་ལེགས་སྐྱེས་ཀྱི་གཏམ་རྒྱུད་རིང་མོ་ཆབ་མདོའི་ཡུལ་གྲུ་ཀུན་ལ་སྙན་པར་གྲགས་ཡོད། དེ་སྔོན་ཞིང་བྲན་ཞིག་ཡིན་ཡང་བོད་ལྗོངས་གསར་པའི་སྐབས་སུ་གུང་ཁྲན་ཏང་ཡོན་ཞིག་ཏུ་གྱུར་ཞིང་། ཕྱིས་སུ་རྒན་ཡོལ་ཞུས་པའི་ལས་བྱེད་རྒན་པ་དཔལ་འཛོམས་ཀྱི་མི་ཚེ་གཅིག་ནི་དམར་མདངས་ཆབ་མདོ་དཀའ་སྡུག་གི་འགག་འཕྲང་བརྒལ་ནས་འོད་སྟོང་འབར་བའི་ཐང་ཆེན་དུ་བསླེབས་པའི་བསྡུས་གཟུགས་གསོན་པོ་ཞིག་ཡིན། དེ་རིང་གི་འོད་སྟོང་འབར་བའི་ལོ་རྒྱུས་སེམས་ལ་བཅངས། དམར་མདངས་ཆབ་མདོ་མདུན་སྐྱོད་ཡར་ལ་བརྩོན་ཞེས་པའི་ཆེད་བསྒྲིགས་ལེ་ཚན་བརྒྱུད་ནས་ང་ཚོས་དཔལ་འཛོམས་ཀྱི་སྐོར་ནས་རྒྱུས་ལོན་ཞིག་བྱ།

ཆབ་མདོའི་རི་ཆེན་གྱི་འདབས་རོལ། ལང་ལོང་རྒྱུ་བའི་ཟླ་ཆུའི་འགྲམ་ནས། ངས་དཔལ་འཛོམས་ཞེས་པའི་མིང་འདི་ཐོག་མར་ཐོས། དེ་དུས་བདག་གི་སེམས་སུ་རྐང་རྗེན་དུ་ལུས་པའི་བུ་མོ་ཆུང་ཆུང་ཞིག་དམག་སྒར་ཕྱི་ལོགས་ཀྱི་གྱང་ཁུག་ཅིག་ནས་ནང་ལ་འཇབ་ལྟ་བྱེད་པའི་སྣང་ཚུལ་ཞིག་ཤར་བྱུང་། གོ་ཐོས་ལྟར་ན་རྐང་ཆུང་དེ་ལ་ལྷམ་གྱོན་མྱོང་གཏན་ནས་མེད་ཟེར། འོན་ཀྱང་དུས་དེ་ནས་བཟུང་དཔལ་འཛོམས་ཀྱང་འོད་སྣང་གི་ཕྱོགས་སུ་ལམ་སྣེ་ཟིན་ཞིང་། མི་ཚོས་འོད་སྣང་དེ་ལ་བཅིངས་འགྲོལ་ཞེས་འབོད་ཀྱིན་ཡོད།

1950ལོར། ཁོ་མོ་ཨ་ཕ་དང་མཉམ་དུ་བཅིངས་འགྲོལ་དམག་མིའི་དམག་སྒར་དུ་བསླེབས། དེ་དུས་གཞི་ནས་རྐང་ཆུང་གཉིས་ལ་ལྷམ་ཞིག་གྱོན་རྒྱུ་བྱུང་། རྐང་པ་ཀྱོག་ཀྱོག་དེ་དྲོད་སོབ་སོབ་ཀྱི་ལྷམ་གྱིས་ལེགས་པར་བཏུམས་པས་ལོ་བདུན་ལས་ཟིན་མེད་པའི་ཁོ་མོ་ཡང་དགའ་ངུ་ཤོར་ཏེ་ད་ནི་རྐང་པར་ན་ཚ་མྱོང་མི་དགོས་སྙམ། ཏང་གིས་ཐོག་མར་ཁོ་མོ་ལ་གྲང་སེལ་གྱི་ལྷམ་གཅིག་སྦྱིན་ལ་ཕྱིས་སུ་མུན་སེལ་གྱི་དཔེ་ཆ་ཞིག་ཀྱང་སྟེར།

སློབ་མཐར་ཕྱིན་རྗེས། དཔལ་འཛོམས་ཀྱིས་རྟ་བཞོན་ནས་ཟླ་ཆུ་བརྒལ་ཏེ།བྲག་གཡབ་རྫོང་མཁར་སྒང་ཤང་དུ་བསླེབས་ཤིང་དེ་རུ་མི་ལོ་ཉི་ཤུ་ལྷག་ལ་བསྡད་པ་རེད།

1997ལོར་ལས་འཁྱུར་ངལ་གསོ་རྒྱག་དུས། དཔལ་འཛོམས་ནི་ཅི་ཞིག་འབྲལ་མི་ཕོད་པའི་ཚུལ་དུ་མཁར་སྒང་ཤང་གི་ལམ་ཟུར་དུ་ལངས་ནས་ཡུན་རིང་ཞིག་ལ་བལྟས་སོང་། རི་ལམ་དག་ཀྱང་སྣུམ་ལམ་དུ་གྱུར་ཞིང་བྱིས་པ་རྣམས་ཀྱང་སློབ་ཁང་དུ་བསླེབས། རྐང་རྗེན་མ་ནས་ལྷམ་གྱོན་རྒྱུ་ཡོད་པ་དང་། དཀའ་སྡུག་ནས་བདེ་སྐྱིད་ཀྱི་ཕྱོགས་སུ་གོམ་ཁ་བསྒྱུར་ཡོད། དཔལ་འཛོམས་ཀྱིས་ཁོ་མོ་ནི་ཡིད་ཆེས་ས་གཅིག་ལས་མེད་དེ། དེ་ནི་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བོད་ཀྱི་མ་འོངས་པ་སྔར་ལས་སྐྱིད་པ་ཡོང་ཐུབ་ཟེར།