国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年07月21日

ལོ་ངོ་སྟོང་གི་སྟེང་ཆེན་རལ་པ། བོད་ཤར་ཡུལ་དུ་རྒྱུད་འཛིན་བྱེད།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ7པའི་ཚེས11ཉིན། གསར་འགོད་པ“འོད་སྟོང་འབར་བའི་ལོ་རྒྱུས་བློ་ལ་བཅངས། དམར་མདངས་ཆབ་མདོ་མདུན་སྐྱོད་ཡར་ལ་བརྩོན”ཞེས་པའི་བརྗོད་དོན་གཙོ་བོའི་བཅར་འདྲིའི་བྱེད་སྒོ་དང་འགྲོགས་ཏེ་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་ཁྲི་རྡོ་གྲོང་རྡལ་འུག་པ་གྲོང་ཚོར་བསྐྱོད་པ་རེད།

སྟེང་ཆེན་གྱི་རལ་པ་ལ་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པ་དང་དེ་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་གྲས་སུ་ཚུད་ཡོད།

ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་བོད་རིགས་ཀྱི་སྲོལ་རྒྱུན་ཞབས་བྲོ་འདི་ནི་རྔ་བྲོ་ཞིག་ཡིན་པ་མ་ཟད། ཤོད་པ་དང་། ལེན་པ། (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད)འཁྲབ་པ།རྩལ་རྩེད་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་འཁྲབ་སྟོན་སྒྱུ་རྩལ་ཞིག་ཀྱང་རེད། ལོ་ལྟར་བོད་ཀྱི་ལོ་གསར་དང་ལོ་ལེགས་ཀྱི་རྟེན་འབྲེལ་མཛད་སྒོའི་སྐབས། རལ་པ་ནི་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་ཡིན་པས་ས་གནས་དེ་གའི་མང་ཚོགས་ཀྱིས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།

ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་བོད་རིགས་ཀྱི་སྲོལ་རྒྱུན་ཞབས་བྲོ་འདི་ནི་རྔ་བྲོ་ཞིག་ཡིན་པ་མ་ཟད། ཤོད་པ་དང་། ལེན་པ། འཁྲབ་པ། རྩལ་རྩེད་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་འཁྲབ་སྟོན་སྒྱུ་རྩལ་ཞིག་ཀྱང་རེད། ལོ་ལྟར་བོད་ཀྱི་ལོ་གསར་དང་ལོ་ལེགས་ཀྱི་རྟེན་འབྲེལ་མཛད་སྒོའི་སྐབས།རལ་པ་ནི་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་ཡིན་པས་ས་གནས་དེ་གའི་མང་ཚོགས་ཀྱིས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།སྟེང་ཆེན་རྫོང་ལ“རལ་པའི་སྒྱུ་རྩལ་གྱི་ཕ་ཡུལ”ཞེས་པའི་མཚན་སྙན་ཡང་ཐོབ་ཡོད།

ད་ལོ་དགུང་ལོ62སླེབས་པའི་ཨ་མྱེས་ནི་མཛོ་པའི་རལ་པའི་རྒྱུན་འཛིན་པ་མི་རབས་བདུན་པ་དེ་ཡིན་ལ། གྲོང་ཚོ་རིམ་པའི་རིག་རྩལ་འཁྲབ་སྟོན་རུ་ཁག་གི་འགན་འཁུར་བ་ཡང་ཡིན།

ལོ་14ལ་སླེབས་སྐབས་ཨ་མྱེས་ཀྱིས་ཨ་མའི་ས་ནས་རལ་པ་སྦྱོང་འགོ་ཚུགས་པ་དང་། ཨ་མྱེས་ཀྱིས་རལ་པར་མང་ཚོགས་ཀྱིས་ཧ་ཅང་དགའ་པོ་བྱེད་པས། རང་ཉིད་ཀྱི་ཉམས་མྱོང་ལ་བརྟེན་ནས་སྒྱུ་རྩལ་འདི་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་ཐུབ་པའི་རེ་བ་ཡོད་ཅེས་གསར་འགོད་པར་བརྗོད།

ལས་འཁྱུར་ངལ་གསོ་ཟིན་པའི་ཨ་མྱེས་ཀྱིས་རྒྱུད་འཛིན་གྱི་གོམ་སྟབས་ནམ་ཡང་ལྷོད་མ་མྱོང་ཞིང་། སྣེ་ཁྲིད་དེ་གྲོང་ཚོ་རིམ་པའི་གཏན་འཇགས་རིག་རྩལ་འཁྲབ་སྟོན་རུ་ཁག་བཙུགས་ཏེ་གླིང་ག་གཏོང་བ་དང་། བོད་ཀྱི་ལོ་གསར་སོགས་དུས་ཆེན་སྐབས་སུ་རིན་མེད་ཀྱིས་སློབ་ཁྲིད་གནང་བཞིན་ཡོད།

ལོ34ལ་སླེབས་པའི་ས་གནས་དེ་གའི་ན་གཞོན་རལ་པ་འཁྲབ་སྟོན་པ་ཞིག་གིས་གསར་འགོད་པར་རང་ཉིད་ཆུང་དུས་ལོ15ནས་འགོ་བཟུང་རལ་པ་སྦྱོང་མགོ་བརྩམས་ཤིང་ལོ་བཅུ་ཕྲག་རིང་ལ་རྒྱུན་ཆད་མ་མྱོང་།“འཚོ་བའི་ནང་སེམས་མི་སྐྱིད་པ་དང་གནོན་ཤུགས་ཆེ་དུས་རལ་པ་འཁྲབ་ན་སེམས་ཁམས་བདེ་ལ་འབབ་ཐུབ”ཅེས་བརྗོད།

ལོ་ངོ་མང་པོའི་རིང་། གྲོང་ཚོ་རིམ་པའི་རིག་རྩལ་འཁྲབ་སྟོན་རུ་ཁག་འདིས་བོད་རང་སྐྱོང་ལྗོངས་ཀྱི་རྟེན་འབྲེལ་བྱེད་སྒོ་དང་མི་དམངས་ཚོགས་ཁང་ཆེ་མོ་སོགས་གར་སྟེགས་ཆེ་མོར་ཐེངས་མང་བསྐྱོད་དེ་ལྗོངས་ཡོངས་ཀྱི་རིག་རྩལ་འཁྲབ་སྟོན་ཕུལ་བྱུང་ལེ་ཚན་བྱ་དགའ་དང་། ཡུལ་ཤུལ་རྒྱལ་ཡོངས་སྐོར་བྲོ་འགྲན་སྡུར་གྱི་བྱ་དགའ་ཨང་གཉིས་པ་བཅས་བྱ་དགའ་གྲངས་མང་ཐོབ་ཡོད།

ད་ཆ་རལ་པ་ནི་དུས་ཆེན་དང་རྟེན་འབྲེལ་བྱེད་སྒོར་འཁྲབ་དགོས་ངེས་ཀྱི་ཞབས་བྲོ་ཞིག་ཏུ་གྱུར་པ་མ་ཟད། རྒྱལ་ཡོངས་ས་གནས་ཁག་ཏུའང་དེའི་ཉམས་འགྱུར་མངོན་བཞིན་ཡོད།