འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ7པའི་ཚེས18ཉིན་གྱི་ཕྱི་དྲོ། དཔེ་ཀློག་དང་སྒྱུ་རྩལ་མཉམ་འདྲེས་ཀྱི་ལོ་ཆུང་བྱིས་པའི་བརྗོད་བྱ་གཙོ་བོའི་བྱེད་སྒོ་ཞིག་ཆབ་མདོའི་ཟློས་གར་ཁང་དུ་ངོ་མཚར་ཆེ་བའི་ངང་འཁྲབ་སྟོན་བྱས་པ་དང་། ཁྱིམ་ཚང་སུམ་བརྒྱ་ལྷག་ཙམ་དཔེ་ཀློག་སྒྱུ་རྩལ་གྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་ནང་ཞུགས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོ་དེ་གྲོང་ཨུད་དྲིལ་བསྒྲགས་པུའུ་དང་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུད་ཀྱིས་གཙོ་གཉེར་བྱས་པ་དང་། གྲོང་ཁྱེར་དཔེ་མཛོད་ཁང་གིས་ཇུས་འགོད་བྱས་པ་རེད། འཁྲབ་སྟོན་ཡུལ་དངོས་སུ་ཞབས་བྲོ་དང་གྱེར་འདོན། གླུ་གཞས་སོགས་ལེ་ཚན་བཅུ་ལྷག་ཙམ་རེས་མོས་ངང་གར་སྟེགས་ཐོག་འཁྲབ་སྟོན་བྱས་ཡོད། ལྟ་ཀློག་ཁྱབ་གདལ་དང་སྒྱུ་རྩལ་འགྲེམས་འཁྲབ་དེ་གར་སྟེགས་ཐོག་གསོན་ཉམས་ལྡན་པའི་ངང་འཁྲབ་སྟོན་བྱས་ཡོད།

