国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年07月21日

གྲོང་ཁྱེར་འགོ་ཁྲིད་ཀྱིས་བོད་རང་སྐྱོང་ལྗོངས་ཀྱི2026ལོའི་བྱ་གཞག་ཚན་པའི་ལས་མི་བསྡུ་བའི་ཡིག་རྒྱུགས་ཀྱི་ཆབ་མདོའི་རྒྱུགས་ཁུལ་དུ་སྐོར་ཞིབ་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ7པའི་ཚེས19ཉིན། བོད་རང་སྐྱོང་ལྗོངས་ཀྱི2026ལོའི་བྱ་གཞག་ཚན་པའི་ལས་མི་བསྡུ་བའི་ཡིག་རྒྱུགས་ཀྱི་ཆབ་མདོའི་རྒྱུགས་ཁུལ་དུ་ཡིག་རྒྱུགས་གཏོང་འགོ་ཚུགས་ཡོད། བོད་རང་སྐྱོང་ལྗོངས་ཀྱི་སྐོར་ཞིབ་ཚོགས་ཆུང་དང་ཧྲེ་ཀྲང་གཞོན་པ་སྒྲོལ་མ་ཆོས་སྐྱིད་ཀྱིས་རྒྱུགས་སྤྲོད་ས་ཚིགས་ཁག་ལ་ལྟ་སྐུལ་མཛུབ་ཁྲིད་བྱས་པ་རེད།

ད་ཐེངས་ཆབ་མདོ་རྒྱུགས་ཁུལ་དུ་རྒྱུགས་སྤྲོད་ས་ཚིགས7དང་། རྒྱུགས་ར297བཙུགས་པ་དང་། རྒྱུགས་སྤྲོད་སློབ་མ་6947ཡོད་པས་རྒྱུགས་སྤྲོད་རྩ་འཛུགས་བརྟན་ལ་ནུས་པ་ཆེན་པོ་ལྡན་ཡོད་པ་རེད།