འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་གྱི་སློབ་སྦྱོང་སློབ་གསོ་ཏན་ཏིག་དང་གཏིང་ཟབ་ཕྱོགས་སུ་སྤེལ་རྒྱུར་སྐུལ་འདེད་གཏོང་བ་དང“དམངས་ལ་བདེ་སྐྱིད་སྐྲུན་པའི”རྩ་བའི་ཁྲིད་ཕྱོགས་ཡང་དག་པར་ཁོང་དུ་ཆུད་པར་བྱ་ཆེད། གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་ཆེད་མཁས་པ་དང་ཤེས་ལྡན་པ་གཞི་རིམ་དུ་བསྐྱོད་རྒྱུ་དེ་དོན་དངོས་སྒྲུབ་པ་དང་དཀའ་ངལ་སེལ་བའི་གཞི་རྟེན་གལ་ཆེན་ཞིག་ཏུ་བརྩིས་ཏེ། ལྷོ་རོང་རྫོང་དང་དཔལ་འབར་རྫོང་གི་གཞི་རིམ་གྱི་སློབ་གསོ་སློབ་ཁྲིད་ཀྱི་ཞན་ཆ་དང་ཉམས་ཞན་ལ་དམིགས་ནས། ཟླ7པའི་ཚེས6ཉིན་ནས་ཚེས10ཉིན་བར་ཧྲན་ཞི་དང་། ཐེན་ཅིན། ཧྥུའུ་ཅན་དེ་བཞིན་ས་གནས་ཀྱི་རྐང་འཛིན་སློབ་གསོ་ཆེད་མཁས་པ7སྒྲིག་འཛུགས་བྱས་ཏེ་རྫོང་དེ་གཉིས་སུ་ཟབ་ཞུགས་ཀྱིས་སློབ་གསོ་ཆེད་མཁས་པ་གཞི་རིམ་དུ་སོང་ནས་ཆེད་དོན་ཞབས་ཞུ་སྤེལ་བ་དང་། འཐབ་ས་དང་པོའི་དགེ་རྒན60ལྷག་ལ་ཁ་ཕྱོགས་ཏེ་འདུ་ཤེས་བརྒྱུད་བསྒྲགས་དང་། ཁྲིད་ཐབས་བསླབ་པ། ལག་ལེན་གྱི་ཉམས་མྱོང་མཉམ་སྤྱོད་བཅས་བྱས་ཏེ། སྤུས་ལེགས་སློབ་གསོའི་ཐོན་ཁུངས་ཐད་ཀར་གངས་ལྗོངས་ཀྱི་གཞི་རིམ་དུ་སྤེལ་བ་དང་སློབ་སྦྱོང་སློབ་གསོའི་ཕན་འབྲས་དེ་ཉིད་དགེ་སློབ་ལ་ཕན་འདོགས་པ་དང་རྫོང་ཁོངས་སློབ་གསོ་མཐོར་འདེགས་ཡོང་བའི་དངོས་སྒྲུབ་གྲུབ་འབྲས་སུ་ལེགས་སྒྱུར་བྱས་ཡོད་པ་རེད།

