国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年07月17日

པ་སངས་ཀྱིས་རླངས་འཁོར་བསྐོར་ཏེ་ཕྱུག་འགྱུར་ལམ་དུ་བསྐྱོད་པ།

པ་སངས་ནི་དཔལ་འབར་རྫོང་མར་ཤོག་ཤང་གི་འགྲུལ་སྐྱེལ་ཁ་ལོ་བ་དཀྱུས་མ་ཞིག་ཡིན་པ་དང་།ལོ་ལྟར་ཆབ་མདོའི་རི་ཁུལ་གྱི་གཡང་གཟར་ཐོག་ཏུ་ཕར་འགྲོ་ཚུར་འོང་གིས་ཉིན་གསོག་ཟླ་གསོག་བྱས་ཏེ་རླངས་འཁོར་གཏོང་བའི་རྨང་གཞི་བརྟན་པོ་ཞིག་སྦྱོང་བརྡར་བྱས་ཡོད།

“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”རླངས་འཁོར་བསྐོར་བའི་ལག་རྩལ་འགྲན་སྡུར་སྐབས་དང་པོའི་གྲོང་ཁྱེར་རིམ་པའི་མཐའ་མའི་འགྲན་རྩོད་ནང་།ཁོང་གིས་སེམས་ཁམས་ཀྱི་བྱང་ཚད་བརྟན་པོ་དང་།གནད་ལ་འཁེལ་བའི་འཁོར་རིགས་ཚོད་འཛིན།གཟབ་ནན་གྱི་བདེ་འཇགས་གོམས་གཤིས་བཅས་ལ་བརྟེན་ནས་བདམས་ཐོན་པ་མང་པོའི་ཁྲོད་ནས་གཟེངས་སུ་ཐོན་ཏེ་ཨང་དང་པོ་ཐོབ་པ་རེད། “མར་ཤོག་ཤང་གི་ཚབ་ཞུས་ཏེ་བྱ་དགའ་ཐོབ་པ་འདིས་ང་ལ་སྤོབས་པ་ཆེན་པོ་སྐྱེས་བྱུང་མོད།འགྲན་སྡུར་རྗེས་སུ་ང་རང་གི་གཅིག་པུ་ཡིས་རླངས་འཁོར་གཏོང་བ་ཙམ་གྱིས་མི་ཆོག་པར་ཉམས་མྱོང་བརྒྱུད་སྤེལ་བྱས་ཏེ་མི་དེ་བས་མང་པོ་ཞིག་གིས་བདེ་འཇགས་ངང་རླངས་འཁོར་གཏོང་ཐུབ་ན་ད་གཟོད་དོན་སྙིང་ཆེན་པོ་ལྡན་བསམ”ཞེས་པ་སངས་ཀྱིས་དེ་ལྟར་བཤད།

པ་སངས་ཀྱིས་སློབ་སྦྱོང་བྱེད་འདོད་པའི་ཡུལ་མི་ཚོ་སློབ་ཕྲུག་ཏུ་བསྡུས་ཏེ་འཁོར་རིགས་ཀྱི་རྒྱུན་གཏན་ཞིབ་བཤེར་དང་།རྙོག་འཛིང་ཆེ་བའི་ལམ་གྱི་གནས་ཚུལ་ལ་ཁ་གཏད་གཅོག་པ།སྣུམ་གྲོན་ཆུང་གི་རླངས་འཁོར་གཏོང་ཐབས། གློ་བུར་དུ་འཕྲལ་སྡོམ་ཐག་གཅོད་སོགས་ཀྱི་ནུས་པ་རིམ་པ་རེ་རེ་བཞིན་སློབ་ཁྲིད་དང་ངང་རྒྱུད་རིང་པོས་ཞིབ་ཚགས་ངང་བཤད་པ་རེད།

མིག་སྔར།པ་སངས་ཀྱིས་དགེ་ཕྲུག་མང་པོ་ཁྲིད་ཡོད་པའི་ཁྲོད་མི་མང་ཤོས་ཀྱི་འཁོར་རིགས་གཏོང་བའི་ཆུ་ཚད་མངོན་གསལ་སྒོས་མཐོ་རུ་ཕྱིན་ནས་རང་རྐྱ་ཐུབ་པས་འགྲུལ་སྐྱེལ་ལམ་ཡང་ན་སྐྱེལ་འདྲེན་གྱི་ལས་དོན་གཉེར་གྱི་ཡོད་པ་རེད། པ་སངས་ཀྱི་ཤུགས་རྐྱེན་འོག་མར་ཤོག་ཤང་དང་དེ་བཞིན་ཉེ་འཁོར་གྱི་གྲོང་ཚོ་དང་སྡེ་ཁུལ་གྱི་མང་ཚོགས་དེ་བས་མང་བས་ཁ་ལོ་བའི་རྩལ་ནུས་ཚད་ལྡན་སློབ་སྦྱོང་ལ་མཐོང་ཆེན་བྱེད་ཀྱི་ཡོད་པ་རེད།དེ་སྔ་ཞིང་ལས་སམ་གླ་ཙག་ཙིག་ལ་བརྟེན་ནས་ལས་ཀ་བྱེད་མཁན་གཞོན་ནུ་ཚོས་རང་འགུལ་ངང་སྒོ་རྩར་སློབ་ཁྲིད་བྱེད་པར་ཡོང་ནས་ལག་རྩལ་ཁོང་དུ་ཆུད་དེ་ལས་ཞུགས་བརྟན་པོ་རེག་རྒྱུའི་རེ་བ་བྱེད་ཀྱིན་ཡོད།

དགེ་ཕྲུག་ངག་དབང་ཚེ་རིང་གིས“སྔོན་ཆད་ངས་རླངས་འཁོར་གཏོང་ཤེས་ན་འགྲིག་སྙམ།པ་སངས་དང་མཉམ་དུ་སློབ་སྦྱོང་བྱས་རྗེས་གཞི་ནས‘རླངས་འཁོར་གཏོང་ཤེས་པ་དང‘ཆེད་ལས་ཀྱི་རླངས་འཁོར་གཏོང་བའི’བར་གྱི་ཧེ་བག་ཤེས་བྱུང་ཁོང་གིས་ལག་རྩལ་ཁྲིད་པ་ཙམ་མ་ཟད་དེ་བས་ལས་རིགས་འདིར་བཅངས་པའི་གུས་འདུད་ཀྱང་རེད”ཅེས་བཤད།

གཞི་རིམ་ནས་འཚར་ལོངས་བྱུང་བའི་ལག་རྩལ་གྱི་ཨང་དང་པོ་ཐོབ་མཁན་པ་སངས་ཀྱིས་ཐོག་མཐའ་བར་གསུམ་དུ་དྲིན་ཚོར་བྱེད་ཀྱི་ཡོད།ཁོང་གིས་གྲུབ་འབྲས་དེ་ཏང་དང་སྲིད་གཞུང་གིས་བསྐྲུན་པའི་འགྲན་སྡུར་སྟེགས་བུ་དང་ཁ་འབྲལ་ཐབས་མེད་ལ། ཕ་ཡུལ་གྱི་ཡུལ་མི་རྣམས་ཀྱི་རྒྱབ་སྐྱོར་དང་ཡང་ཁ་འབྲལ་ཐབས་མེད་ཟེར།