国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年07月17日

སྤོ་ལོའི་ཤིང་བརྐོས། གྲི་རྩེ་དང་སོར་རྩེ་ལས་འཁྲུངས་པའི་ངོ་མཚར་ཆེ་བའི་བརྩམས་ཆོས།

ལོ་60ལྷག་ཙམ་ལ་སླེབས་པའི་ཚེ་འཕེལ་གྱིས་ཉིན་ལྟར་འཁོར་ཁང་དུ་དགེ་ཕྲུག་ཚོ་དང་མཉམ་དུ་ཤིང་བརྐོས་བྱེད་པར་ཡོང་གི་ཡོད་པ།

ལམ་ཕྲན་གྱ་གྱུ་མང་ཞིང་རི་རྒྱུད་གཅིག་ཏུ་སྦྲེལ་བ་དང་།གཡང་གཟར་གྱི་འཕྲང་དུ་བགྲོད་ན་སྨུག་སྤྲིན་ནི་ཉེ་གམ་དུ་ཡོད།གནའ་སྔ་མོ་ནས་རི་གཟར་འགག་འཕྲང་ལུང་པར་མཆོག་ནོར་འབྱུང་ཞེས་པའི་དཔེ་ལྟར། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྤོ་ལོ་ཤང་ཝེ་འཕྲང་གྲོང་ཚོའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྟེ་སྤོ་ལོ་སྐུ་ཚེའི་ཤིང་བརྐོས་ནི་དེའི་ཚབ་མཚོན་རང་བཞིན་ཡིན།

སྤོ་ལོ་སྐུ་ཚེའི་བརྐོས་རྒྱག་བཟོ་རྩལ་ལ་ལོ་ངོ་300ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཞིང་། དེ་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཡིན་ཞིང་།དེ་སྔ་ཐོན་ལས་ཉམས་རྒུད་དུ་ཕྱིན་པའི་དབང་གིས་སྟོངས་ལ་ཁད་དུ་གྱུར། 2017ལོར་གྲོང་ཚོ་ཡོངས་སུ་བརྐོས་རྒྱག་མཁན་20ལྷག་ཙམ་ལས་མེད་པ་དང་ཟླ་རེའི་ཡོང་འབབ་སྒོར་ཆིག་སྟོང་ཙམ་ཡང་ཟིན་གྱི་མེད་པའི་ཁར། ལག་ཤེས་སྦྱོང་འདོད་ཀྱི་ན་གཞོན་དགེ་ཕྲུག་དེ་བས་དཀོན།

2018ལོར། ཧྭ་གློག་ཀུང་སིས་སྒོར་ཁྲི་150ལྷག་ཙམ་ཞལ་འདེབས་བརྒྱབ་པ་དང་སྲིད་གཞུང་གི་མ་དངུལ་སྒོར་ཁྲི་535བརྩོན་ལེན་བྱས་ཏེ་ཤིང་བརྐོས་འཁོར་ཁང་བཙུགས་ནས་ཚེ་འཕེལ་གྱིས་སྣེ་ཁྲིད་དེ་རྨུགས་སངས་མི་རིགས་ལག་ཤེས་སྒྱུ་རྩལ་ཀུང་སི་དབུ་བརྙེས་པ་རེད། ཤིང་བརྐོས་ཐོན་ལས་ལས་ལོ་རེའི་ཡོང་འབབ་སྒོར་ཁྲི400འཕར་སྣོན་བྱུང་ནས་གྲོང་ཚོ་ཡོངས་དང་མཐའ་འཁོར་གྱི་མི120ལྷག་གི་ལས་ཞུགས་བརྟན་པོ་ཡོང་བར་སྐུལ་འཁྲིད་བྱུང་ནས་མི་རེའི་ལོ་རེའི་ཡོང་འབབ་སྒོར་ཁྲི3.4ཟིན་པ་དང་།ཐོན་ལས་ཐོག་མ་གཉེར་མགོ་ཚུགས་པའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར3600ལས་ལྡབ་བཅུ་འཕར་ཡོད།

ད་ཆ་ཝེ་འཕྲང་གྲོང་ཚོའི་ཤིང་བརྐོས་ཐོན་ལས་དེ་འཇོ་མདའ་རྫོང་དང་ཐ་ན་ཆབ་མདོ་གྲོང་ཁྱེར་གྱི་མིང་བྱང་གྲགས་ཅན་ཞིག་ཏུ་གྱུར་ཏེ“སྤོ་ལོའི་ཤིང་བརྐོས”ཀྱི་གྲགས་པ་ཕྱོགས་བཞིར་ཁྱབ།2023ལོའི་ཟླ་དགུ་པར་རྒྱུན་འཛིན་པ་ཚེ་འཕེལ་གྱིས་སྤོ་ལོ་སྐུ་ཚེའི་ཤིས་བརྐོས་བརྩམས་ཆོས་འཁྱེར་ནས་ཧྲེན་ཀྲེན་གྱི་སྤྱི་ཕན་དགེ་སྒྲུབ་རྣམ་གྲངས་སྤེལ་རེས་ཚོགས་འདུ་སྐབས་བཅུ་པའི་ཐོག་སྟོན་པ་དང་།2024ལོར“སྤོ་ལོ་སྐུ་ཚེའི་ཤིང་བརྐོས”དེ་རྒྱལ་ཁབ་བརྡ་ཁྱབ་ཞིབ་འཇུག་ཁང་གི་ལོ་འཁོར་གྱི་ཕུལ་བྱུང་སྤུས་རྟགས་དཔེ་མཚོན་ནང་བདམས་པ། ཤིང་བརྐོས་ཀུང་སི་ཡང་བོད་རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་བཟོ་ཁང་གི་དཔེ་སྟོན་ཁུལ་དུ་བདམས་ནས་རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་གསར་གཏོད་འཕེལ་རྒྱས་ཀྱི་གསོན་ཉམས་ལྡན་པའི་བསྡུས་རིས་ཤིག་ཏུ་གྱུར་ཡོད།