国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年07月17日

ཀྲོང་ཅིན་སུང་གིས་ཆབ་མདོ་གྲོང་ཁྱེར་གྱི་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ལ་གཅིག་སྡུད་བཅོས་སྒྲིག་བྱེད་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ7པའི་ཚེས13ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་ཆབ་མདོ་གྲོང་ཁྱེར་གྱི་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ལ་གཅིག་སྡུད་བཅོས་སྒྲིག་བྱེད་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཚོགས་འདུ་ཡིས་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། གཅིག་སྡུད་བཅོས་སྒྲིག་བྱ་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བཏོན་གནང་བའི་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པས།

ངེས་པར་དུ་ཆབ་སྲིད་ཀྱི་ཐད་ནས་བལྟ་དགོས་པ་དང་ཆབ་སྲིད་ཀྱི་ཐད་ནས་དམ་འཛིན་བྱས་ཏེ། ཏང་ལ་དགའ་ཞེན་ཆེ་ཤོས་དང་། ཏང་གི་བཀའ་ལ་ཉན་ཤོས། ཏང་གི་བཀའ་དྲིན་ཚོར་ཤོས། ཏང་གི་རྗེས་སུ་འབྲངས་པའི་ཆོད་སེམས་ཆེ་ཤོས་བཅས་ཀྱི་ལྷག་བསམ་བློ་དཀར་ལ་བརྟེན་ནས་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་བ་དང་། དངོས་སྒྲུབ་གྲུབ་འབྲས་ཀྱི་ཐོག་ནས་ཏང་དང་མི་དམངས་ལ་བློ་ཡིད་ཚིམས་པའི་རྒྱུགས་ལན་ཞིག་སྤྲོད་དགོས་ཅེས་བསྟན།

ཚོགས་འདུ་ཡིས་ངེས་པར་དུ་ཤི་གསོན་ཐག་གཅོད་ཀྱི་དམག་འཐབ་དང་རྒྱུན་ལྡན་ལས་འདའ་བའི་ཡར་བརྩོན་བྱས་ཏེ་གཅིག་སྡུད་བཅོས་སྒྲིག་གི་འགག་སྒྲོལ་དམག་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་དགོས། བཅོས་སྒྲིག་ལ་སྐུལ་འདེད་གཏོང་དགོས་ཤིང་།“4+10”བཀོད་པ་ཧྲིལ་བོར་དམིགས་ཏེ་རྒྱུན་མཐུད་ངང་ནུས་ཤུགས་འདོན་པ་དང་། ཡིག་སྐུར་ངོ་གཏུག་གནད་དོན་འདུམ་སྒྲིག་གཏོང་བ། དམངས་འཚོའི་དོན་དངོས་ཡག་པོ་སྒྲུབ་པ།“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་སྡུར་བྱེད་སྒོའི་ཕྱོགས་བསྡུས་སྟེགས་བུ་བཀོལ་སྤྱོད་བྱེད་དགོས། གྱོད་སྒྲུབ་ཆེ་རུ་གཏོང་དགོས་ཤིང་། འཛེམ་མེད་དམར་འདོན་ཕོད་པ་བྱས་ཏེ་ཐོག་རྒོད་བྱེད་ཐབས་ཀྱིས་གྲངས་འབོར་དང་ཤུགས་རྐྱེན་ཡོད་པའི་གྱོད་དོན་ཁག་ཅིག་ཐོད་བརྒལ་བྱས་ནས་རྩ་བ་ནས“བྱེད་མི་ཕོད་པའི”ཟིལ་གནོན་ཞིག་ཆགས་པ་བྱེད་དགོས། སྒྲིག་གཞི་འཐུས་ཚང་དུ་གཏོང་དགོས།