国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年07月17日

འགུ་རོ་གྲོང་རྡལ་གྱི་སུར་པན་ལྷག་ཏུ་དམར།

འགུ་རོ་གྲོང་རྡལ་སུར་པན་འདེབས་ལས་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་ནང་ཧྥུན་ཀྲེན་ཙུའོ་ཡིས་ངོ་སྤྲོད་བྱེད་བཞིན་པ།

G214རྒྱལ་ལམ་བརྒྱུད་དེ་ངོམ་ཆུ་འགྲམ་རྒྱུད་དུ་བསྐྱོད་པ་ན།རླུང་ནང་དུ“འགུ་རོའི་སུར་པན”གྱིས་ཟས་སྲེག་བཞིན་པའི་དྲི་ཞིམ་འཐུལ། ལམ་འགྲམ་དུ་ཡུག་གཅིག་ཏུ་འདྲེས་པའི་སུར་པན་གསར་བ་ཉི་འོད་འོག་ལྷག་ཏུ་སྐྱེས་ཚུལ་ཡག

ལས་སྣོན་འཁོར་ཁང་དུ་བསྐྱོད་ཚེ་འཕྲུལ་ཆས་སྒྲ་དང་ཐོན་སྐྱེད་སྒྲུབ་རིམ་མགྱོགས་ཀྱིས་འཁོར་བཞིན་བསྐྱོད་བྱེད་བཞིན་ཡོད།

སུར་པན་འདེབས་མཁན་ཚེ་རིང་གིས་ལག་ཏུ་འཐོག་མ་ཐག་གི་སུར་པན་དམར་པོ་བཟུང་ནས་འབུལ་སྤྲོད་རྩིས་ལེན་བྱེད་བཞིན་བཤད་རྒྱུར།

“སྔོན་ཆད་ནས་འདེབས་འཛུགས་བྱས་ན་ལོ་གཅིག་གི་ནང་དུ་ཡོང་འབབ་དམའ་བ་མ་ཟད། ཞིང་ལས་མེད་དུས་ཕྱི་རོལ་དུ་ཞོར་ལས་བཙལ་དུ་འགྲོ་དགོས། ད་ལྟ་རང་གི་སྒོ་ཁ་ནས་སུར་པན་འདེབས་འཛུགས་བྱས་པས་བཟོ་གྲྭ་ནང་ཞོར་ལས་བྱེད་དུ་ཕྱིན་པས་ཡོང་འབབ་ལྡབ་བཅུ་ཡིད་འཕར”ཟེར།མིག་སྔར་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་འགུ་རོ་གྲོང་རྡལ་དུ་ཚེ་རིང་ལྟ་བུ་སུར་པན་ཐོན་ལས་ནང་ཞུགས་པའི་ཞིང་བ་ཁྱིམ་ཚང160ལྷག་ཡོད།

“སུར་པན་འདིའི་འབྱུང་ཁུངས་ཐུན་མོང་མ་ཡིན་པ་ཞིག་ཡིན”ཞེས་འགུ་རོ་གྲོང་རྡལ་གྱི་ཏང་ཨུ་ཧྲུའུ་ཅི་ཧྥུན་ཀྲུན་ཙུའོ་ཡིས་ཕྱི་ཤུན་སྲབ་ཅིང་འབྲུ་རྡོག་ཉུང་བའི་སུར་པན་ཞིག་བཙིར་པ་ན་ཐུན་མོང་མ་ཡིན་པའི་དྲི་ཞིམ་ཞིག་སྣ་ལམ་དུ་ཐོན། ཁོས་ངོ་སྤྲོད་ལྟར་ན། དེ་ནི་ལོ42སྔོན་ཡུན་ནན་གྱི་རྒྱ་རིགས་ཚོང་པ་ཞིག་བསྲེགས་ཟས་ཟ་ཁང་ཞིག་གཉེར་དུས་ཁྱེར་ཡོང་བ་ཡིན། ས་གནས་བོད་ཀྱི་ཞིང་བས་ས་བོན་བླངས་ཏེ་འདེབས་འཛུགས་བྱས་པ་དང་། ལོ20རིང་བརྒྱུད་དེ་རྒྱ་བོད་རིག་གནས་སྤེལ་རེས་བྱེད་པའི་སུར་པན་རིགས་ཞིག་ཏུ་གྱུར་ཟེར།

འགུ་རོ་སུར་པན་ལེགས་ས་གང་རེད་ཟེར་ན།ལན་ནི་མཐོ་སྒང་གི་ཉི་འོད་དང་སྲོལ་རྒྱུན་གྱི་ལག་རྩལ་ནང་སྦས་ཡོད། ས་དེའི་ལོའི་ཉི་མ་རྒྱག་ཚད་དུས་ཚོད2800ཟིན་པ་དང་ས་རྒྱུ་ནང་ཞུའེ་ཡི་གཞི་རྒྱུ་ཕུན་སུམ་ཚོགས།ཡང་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ལ་བརྟེན་ནས་ས་གནས་ཀྱིས་ཆུ་ལུད་གཞི་གཅིག་ཅན་གྱི་ལག་རྩལ་ཁྱབ་སྤེལ་བཏང་བས་ཚོད་ལྟ་རྟེན་གཞི་རུ་མུའུ་རེར་སུར་པན་ཐོན་ཚད་རྒྱ་མ5000ཟིན།དེ་ལས་ཐོབ་དཀའ་བ་ཞིག་ནི་ལས་སྣོན་བཟོ་གྲྭར་རང་འགུལ་ཡོངས་ཀྱི་ཐོན་སྐྱེད་སྒྲུབ་རིམ་ནང་འདྲེན་བྱས་པ་དང་ཆབས་ཅིག་མཐོ་སྒང་གི་རང་བྱུང་ངང་སུར་པན་བསིལ་སྐམ་བྱེད་པ་དང་གནའ་བོའི་རྡུང་ཐབས་བཞག་ཡོད།“མཐོ་སྒང་གི་སྨུག་ཕྱིའི་འོད་ཟེར་དྲག་པོས་རང་བྱུང་འབུ་ཕྲ་གསོད་པ་དང་མི་ཡིས་རྡུང་བ་བརྒྱུད་དེ་ཚད་མཐོ་བའི་ངང་སུར་པན་གྱི་ཐུན་མོང་མ་ཡིན་པའི་དྲི་ཞིམ་བཞག་ཡོད”ལག་རྩལ་མི་སྣ་དབང་ཚེ་ཡིས་དེ་ལྟར་བཤད།

མི་རང་ཡུལ་དུ་འདུག་བཅུག་སྟེ་ཁྱིམ་ཚང་ཕྱུག་པོ་འགྱུར་ཆེད།གྲོང་རྡལ་དེས་སུར་པན་ཐོན་ལས“ཧྲུའུ་ཅི་རྣམ་གྲངས”བཞག་པ་དང་།མ་དངུལ་སྒོར་ཁྲི210བརྩོན་ལེན་གྱིས་བཟོ་གྲྭ་བཙུགས་ཤིང་ཨར་འདམ་ལམ་སྨི200བཏིང་།“ཁྱིམ་བྱ་དང་ཕག་གསོ་སྤེལ་བྱེད་པར་ཚོད་ལྟ་བྱས་མྱོང་ལ།ཡང་ན་གསོ་དཀའ་བ་དང་ཡང་ན་ཉེན་ཁ་ཆེ་བས་ཚོད་འཛིན་མི་ཐུབ”ཅེས་ཧྥུན་ཀྲུའུ་ཙུའོ་ཡིས་བཤད་རྒྱུར།“སུར་པན་འདེབས་ཐུབ་པ་འགན་སྲུང་ཡོད་པའི་རྒྱུ་མཚན་ནི་ལོ་ངོ20རིང་གི་ས་བོན་ཡོད་པས་མང་ཚོགས་ལ་ཡིད་ཆེས་ཡོད་པ་ཡིན”ཟེར།

གཞི་གྲངས་ལ་གོ་སྐོན་བློ་འགུག་གི་ནུས་པ་ལྡན་པ་ཡིན། ན་ནིང་ཐོན་ལས་འཕེལ་རྒྱས་ཀྱི་སྲིད་འཛིནགྲོང་ཚོ3ལ་སོ་སོ་སྒོར་ཁྲི10ཁེ་བཟང་ཐོབ། མང་ཚོགས་སེམས་བདེ་བར་འགྱུར་ཆེད་གྲོང་རྡལ་གྱིས“རྟེན་གཞི+ཞིང་ཁྱིམ”དཔེ་དབྱིབས་འཚོལ་ཞིབ་བྱས་ཏེ་རིན་མེད་སྒོས་མྱུ་གུ་སྟེར་བ་དང་།ལས་སྣོན་བཟོ་གྲྭས་ཉོ་སྒྲུབ་བྱེད་པ།ད་ལོའི་ཟླ4བ་སྤེལ་བའི་ཚོང་འགུག་ཚོགས་འདུ་ཁྲོད་འགུ་རོ་སུར་པན་གྱིས་ཆབ་མདོ་གྲོང་ཁྱེར་རིམ་པའི་སྤྱིའི་ལས་ཚབ་དང་ཆུས་རྫོང6གི་ལས་ཚབ་དབང་ཆ་བླངས།མིག་སྔའི་བར་དུ་ཐོན་ལས་དེས་ཁྱིམ་ཚང347གྲོང་མི1300ལྷག་གི་སྣེ་ཁྲིད་དེ་འབབ་འཕར་སྒོར་ཁྲི19.7ལ་སླེབས།

གྲོག་རོང་གི་སུར་པན་ཞིས་ས་ཡུག་གཅིག་ཏུ་སྦྲེལ་པ་དང་།འཁོར་ཁང་ནང་གི་འཕྲུལ་ཆས་སྒྲ་འུར་འུར་གྲགས།ཧྥུན་ཀྲུན་ཙུའོ་ཡི་ཇུས་འགོད་རྒྱང་ཐག་དེ་ལས་རིང་།བོད་ལྗོངས་ནས་ལི་ཅང་བར་གྱི་མྱུར་བགྲོད་གཞུང་ལམ་འབྱུང་འཇུག་སྒོ་མོའི་ཁྱབ་ཁོངས་ལེགས་ཆ་དང་མཐའ་འཁོར་དགེ་སློབ་ཁྲི2.2ཁྲོམ་རར་བརྟེན་ནས།སྒོར་ཁྲི330བཏང་ནས་འདེབས་འཛུགས་རྟེན་གཞི་མུའུ80རྒྱ་སྐྱེད་རྩིས་ཡོད།གཞན་ཡང་མུའུ300ཕྱོགས་བསྡུས་འདེབས་འཛུགས་ཁུལ་དང་སློབ་ཞིབ་ཁྱིམ་ཚང་མགྲོན་ཁང་ཆ་འགྲིག་སྒྲིག་བཀོད་འཛུགས་སྐྲུན་བྱས་ནས་ཞིང་ལས་དང་རིག་གནས། ཡུལ་སྐོར་མཉམ་འདྲེས་ཀྱི་ལས་རྣམ་གསར་བ་གཏོད་རྩིས་ཡོད།

ཡུན་ནན་གྱི་ཚོང་པ་ཞིག་གིས་སླེ་བོ་ནང་དུ་ཁུར་ཡོང་བ་ནས་ད་ལྟའི་གཞི་ཁྱོན་ཅན་གྱི་བཟོ་གྲྭ་ཁང་དུ་གྱུར་བ།གཅིག་རྐྱང་གི་ཟས་རིགས་རྒྱུ་ཆ་ནས་དམངས་ཕྱུག་ཐོན་ལས་སུ་གྱུར་བ། འགུ་རོ་སུར་པན་གྱི་དམར་དེ་ལོ་ལེགས་འབྱུང་བའི་ཁ་མདོག་ཡིན་པ་མ་ཟད། མང་ཚོགས་ཀྱི་འཚོ་བ་སྔར་ལས་སྐྱིད་པའི་གཞི་མདངས་ཡིན།