འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ75འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་ཆེད། ཉེ་ཆར། ལྷོ་རོང་རྫོང་གིས“གསར་བརྗེའི་ཁྲག་རྒྱུན་རྒྱུད་འཛིན་བྱེད། ཡར་བརྩོན་ལྷོ་རོང་དབྱངས་ལ་འགུགས”ཅེས་པའི་གསར་བརྗེའི་གླུ་གཞས་མཐུད་ལེན་བྱེད་སྒོ་སྤེལ་བ་རེད། བྱེད་སྒོའི་དམིགས་ཡུལ་ནི“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་སྡུར་བྱེད་སྒོ་གཏིང་ཟབ་སར་སྤེལ་ཏེ་རྫོང་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་སྔར་བས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། དུས་རབས་གསར་པའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བསམ་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་རྒྱུ་དེ་རེད།
རྫོང་དེ་ཡོངས་ཀྱི་ཤང་གྲོང11ནས་ཡོང་བའི་མཉམ་ལེན་རུ་ཁག་རིམ་པ་བཞིན་གར་སྟེགས་ཐོག་བུད་དེ《མེས་རྒྱལ་ལ་གླུ་དབྱངས་ལེན》《ཀྲུང་གོ་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད》《ང་དང་ངའི་མེས་རྒྱལ》སོགས་དུས་རབས་ཀྱི་དབྱངས་རྟ་མཚོན་པའི་གསར་བརྗེའི་གླུ་གཞས22ངག་ལ་གྱེར་བ་དང་། འཁྲབ་སྟོན་མི་སྣའི་ཁོངས་སུ་རྫོང་ཚན་ཁག་ཆེ་མོ་བཞིའི་འགོ་ཁྲིད་དང་། ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ། གཞི་རིམ་གྱི་ཞིང་འབྲོག་མང་ཚོགས་སོགས་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མི་བཅས་འདུས་ཡོད།

