国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年07月14日

དཔལ་འབར་རྫོང་དུ་འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་སྤེལ་བས་མང་ཚོགས1800ལྷག་ལ་ཕན་ཐོགས་བྱུང་བ།

འདི་ནི་ཆེད་མཁས་དཔུང་ཁག་གིས་མང་ཚོགས་ལ་ནད་བཅོས་བྱེད་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ7ཚེས9ཉིན། ཀྲུང་གོ་མི་རིགས་འཕྲོད་བསྟེན་མཐུན་ཚོགས་ཀྱིས་ཧའེ་ཀྲེང་སྨན་ལས་དང་མཉམ་འབྲེལ་བྱས་ཏེ། རང་རེའི་གྲོང་ཁྱེར་གྱི་དཔལ་འབར་རྫོང་དུ“མཁའ་སྐྱོད་སྙིང་སྟོབས་སྐྱེད། རྒྱལ་གཅེས་ལག་ཏུ་ལེན”ཞེས་པའི་སྤྱི་ཕན་གྱི་སྨན་བཅོས་བྱེད་སྒོ་སྤེལ་བ་རེད། པེ་ཅིང་དང་ཧྲང་ཧའེ། ཀྲེ་ཅང་སོགས་ཀྱི་ཀ་རིམ་གསུམ་པའི་སྨན་ཁང་གི་ཆེད་མཁས་པ་རྣམས་དཔལ་འབར་རྫོང་མི་དམངས་སྨན་ཁང་དང་སྐྱིད་གླིང་ཤང་འཕྲོད་བསྟེན་ཁང་དུ་ཕེབས་ནས། མང་ཚོགས་རྣམས་ལ་རིན་མི་དགོས་པའི་ནད་བརྟག་སྨན་བཅོས་ཀྱི་ཞབས་ཞུ་བསྒྲུབས་པ་རེད།

ད་ཐེངས་ཀྱི་འོས་འགན་སྨན་བཅོས་སྐབས་སུ་ལུས་པོར་བརྟག་དཔྱད་དང་བདེ་ཐང་གསོ་སྦྱོང་སོགས་ཚང་མར་སྨན་རིན་མི་དགོས་ལ་སྔ་གཏམ་ཀྱང་བྱེད་མི་དགོས།

འོས་འགན་སྨན་བཅོས་ཀྱི་ཉིན་དེར། དཔལ་འབར་རྫོང་མི་དམངས་སྨན་ཁང་གི་འོས་འགན་སྨན་བཅོས་བྱ་ཁུལ་དུ་མི་ཚོགས་ཀྱིས་ཁེངས་ཡོད། མཐའ་འཁོར་གྲོང་ཚོ་དག་གི་ཞིང་འབྲོག་མང་ཚོགས་ཚོས་ནད་བརྟག་སྙན་ཞུ་དང་རྒྱུན་སྤྱོད་སྨན་རྫས་རྣམས་ཁྱེར་ཏེ་བང་བསྒྲིགས་ནས་སྒུག་ཅིང་། ས་མཐོར་འབྱོར་མ་ཐག་པའི་ཆེད་མཁས་པ་ཚོ་ཡང་ལམ་སང་ལས་ལ་ཞུགས་པ་དང་། ཁོག་ནད་དང་དབུགས་ལམ་ནད། གྲང་གྲུམ་དང་ནད་འགོག་སོགས་གསོ་དཔྱད་ཀུན་འདུས་ཀྱི་སྨན་བཅོས་རུ་ཁག་དེས་དཔལ་འབར་རྫོང་གི་མཁའ་མཐོ་ས་དང་གྲང་ངར་གྱི་ཁོར་ཡུག་ལ་གཞིགས་ནས། ས་མཐོ་སའི་ནད་རིགས་དང་གྲང་གྲུམ་རུས་ནད། དབུགས་ལམ་གྱི་ནད་རིགས། དལ་བའི་རང་བཞིན་གྱི་ནད་རིགས་སྣ་ཚོགས་ལ་བརྟག་དཔྱད་གནང་བ་དང་། མང་ཚོགས་ལ་སྨན་སྟེན་ལུགས་དང་ནམ་རྒྱུན་གྲང་ངར་འགོག་ཐབས་སོགས་ལམ་སྟོན་བྱས་ཡོད།

སྔ་དྲོར་རྫོང་གྲོང་དུ་བརྟག་དཔྱད་ཚར་རྗེས་འོས་འགན་སྨན་བཅོས་ཚོགས་པ་སྐྱིད་གླིང་ཤང་དུ་ཕེབས་ཏེ། ས་གནས་མང་ཚོགས་ལ་ནད་བརྟག་སྨན་བཅོས་གང་ལེགས་གནང་ཞིང་། ས་མཐོའི་ནད་རིགས་སྐོར་གྱི་ཤེས་བྱ་རྣམས་ངོ་ཐུག་གདོང་ཕྲད་ཀྱིས་གསལ་བཤད་གནང་ཐོག་གཞི་རིམ་གྱི་འཕྲོད་བསྟེན་ཁང་གི་ཆ་རྐྱེན་ལ་གཞིགས་ཏེ་ཡུལ་དངོས་ནས་གཞི་རིམ་གྱི་སྨན་དོན་མི་སྣ་རྣམས་ཁྲིད་དེ་རྒྱུན་མཐོང་གི་ནད་རིགས་བཅོས་ཐབས་ཐད་མཉམ་སྤྱོད་བྱས་ཡོད།