国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年07月14日

ཆབ་མདོའི་བུད་མེད4000ལ་རིན་མེད་ཐོག་ནས་རང་རྒྱལ་གྱིས་བཟོས་པའིHPVའགོག་ཁབ་རྒྱག་རྒྱུ་ཡིན་པ།

སློབ་མར་འགོག་ཁབ་རྒྱག་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ7ཚེས11ཉིན་གྱི་སྔ་དྲོར། ཆབ་མདོ་གྲོང་ཁྱེར་མ་བུ་བདེ་སྲུང་སྨན་ཁང་གི་བཞི་ཐོག་ཚོམས་ཆེན་ནང་དུ“ཆབ་མདོའི་ཕན་བདེ་མྱོང་། ས་མཐོའི་ཕུགས་འདུན་གཉེར”ཞེས་པའི་མཛད་སྒོ་ཞིག་སྤེལ་བ་རེད། ཧྥུའུ་ཅན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་བཅུ་གཅིག་པའི་སྣེ་ཁྲིད་པ་ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཧྲེ་ཀྲང་གཞོན་པ་ཧོང་གོ་ཅན་གྱིས་ཤིས་ཚིག་གསུངས་པ་རེད།

ད་རེས་ཞལ་འདེབས་གནང་བའི་རང་རྒྱལ་གྱིས་བཟོས་པའིHPVའགོག་ཁབ8000ལ་འགྲོ་སོང་སྒོར་ཁྲི400བཏང་ཡོད། འགོག་ཁབ་འདི་དག་ཧྥུའུ་ཅན་ཞཱ་མོན་ནས་རི་ཆུ་ཀླུང་བརྒལ་གྱིས་བོད་ཤར་ཆབ་མདོར་བསྐྱལ་ཏེ། ཆབ་མདོ་གྲོང་ཁྱེར་གྱི་སློབ་གྲྭར་ཡོད་པའི་ལོ་ལོན་སློབ་མ་བུད་མེད་རྣམས་ལ་རིན་མི་དགོས་པར་རྒྱག་རྒྱུ་ཡིན་པས། ཧྥུའུ་ཅན་དང་ཆབ་མདོའི་མཛའ་གཅུགས་ཀྱི་སྟོབས་ཤུགས་ལས་ས་མཐོའི་བུད་མེད་ཚོའི་བདེ་ཐང་གི་མཁར་རྫོང་བརྟན་དུ་ཡོང་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 2016ལོར་ཧྥུའུ་ཅན་གྱི་རོགས་སྐྱོར་བྱ་ཕྱོགས་ཆབ་མདོ་ལ་བསྒྱུར་བ་ནས་བཟུང་། ཧྥུའུ་ཅན་གྱིས་བོད་སྐྱོར་མ་དངུལ་ཁྱོན་བསྡོམས་སྒོར་དུང་ཕྱུར5དང་ཁྲི2500ཙམ་བཏང་ནས། འཕྲོད་བསྟེན་གྱི་རྣམ་གྲངས་དང་སྨན་ཁང་ལེགས་བཅོས། ཤེས་ལྡན་མི་སྣའི་རོགས་སྐྱོར་སོགས་རབ་དང་རིམ་པ་དོན་འཁྱོལ་བྱས་ཟིན། ད་རེས་ཀྱང་རང་རྒྱལ་གྱིས་བཟོས་པའིHPVའགོག་ཁབ་དངོས་སུ་ཆབ་མདོ་ལ་འཁྱེར་ཡོད་པས་འདི་ནི་ཧྥུའུ་ཅན་གྱིས་ཆབ་མདོ་ལ་སྨན་བཅོས་མཉམ་ལས་ཐད་གནང་བའི་དམངས་འཚོའི་ཕན་བདེ་ཞིག་རེད། ས་མཐོའི་བུ་མོ་རྣམས་ཐག་རིང་གི་གཞན་ཡུལ་ལ་འགྲོ་མི་དགོས་པར་རང་ཡུལ་ནས་འགོག་ཁབ་དག་མ་བསྟེན་རྒྱུ་བྱུང་བས་གྲོང་ཁྱེར་ཆེན་པོ་དག་གི་བུད་མེད་རྣམས་དང་གོམ་པ་མཉམ་བགྲོད་ཀྱིས་ལུས་ལ་བདེ་ཐང་གི་གོ་ཆ་རྣམ་པར་བགོས་ཡོད།