国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年07月14日

ནས་ཆང་ཐོན་ལས་ཀྱིས་གྲོང་གསེབ་དར་སྤེལ་ལ་རོགས་འདེགས་བྱས་པ།

ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་གི་བོད་ལྗོངས་ཁམས་ཆང་ཆང་ལས་ཚད་ཡོད་ཀུང་ཟིའི་ཐོན་སྐྱེད་བྱ་ཡུལ་དུ། སྤྱིར་ན་ལེགས་གྲུབ་ཟིན་པའི་ཆང་སྙོལ་ས་དང་ཐུམ་སྒྲིལ་འཁོར་ཁང་ལས་འབྱུང་འགྱུར་བཟོ་ཁང་བརྟན་པོའི་ངང་ལས་གཉེར་བྱེད་པའི་རྣམ་པ་ཞིག་མངོན་བཞིན་ཡོད།

2025ལོར་ཁེ་ལས་ཀྱིས་ནས་ཆང་དཀར་པོ་ཏུན་བརྒྱ་ཐོན་སྐྱེད་བྱས་ཏེ་ལོ་ཧྲིལ་པོར་ས་གནས་ཀྱི་ནས་ཏུན་ལྔ་བརྒྱ་མངགས་ཉོ་བསྡུ་ལེན་བྱས་པ་རེད། 2026ལོར་ཐོན་འབོར་རྒྱུན་མཐུད་ཀྱིས་འབབ་འཕར་བྱུང་ནས་ཨ་རག་དཀར་པོ་ཏུན་ཉིས་བརྒྱ་ཐོན་སྐྱེད་བྱ་རྒྱུ་ཡིན་ཞིང་། ནས་བསྡུ་ཉོ་ཚད་ཏུན་སྟོང་གཅིག་ཡན་འཕར་རྒྱུའི་འཆར་གཞི་ཡོད་པ་རེད།

ནས་ནི་ཆབ་མདོ་ཞིང་འབྲོག་མང་ཚོགས་ཀྱི་འདེབས་འཛུགས་གཙོ་བོ་ཡིན་ལ། འཕར་ཐང་མཐོ་བའི་ནས་ཀྱི་ཐོན་རྫས་ཞིབ་འཇུག་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་ནས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་སྤེལ་བྱ་ཆེད། ནས་དང་ཆང་དཀར་ཟུང་འབྲེལ་གྱི་ཞིབ་འཇུག་གསར་སྤེལ་གྲུབ་འབྲས་ཆབ་མདོར་སྤེལ་བ་དང་། དབུལ་ཐར་འགག་སྒྲོལ་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ་དེ་གྲོང་གསེབ་དར་སྤེལ་ལས་དོན་དང་སྦྲེལ་མཐུད་ནུས་ལྡན་བྱེད་པ་དང་། རོང་འབྲོག་པར་འབབ་འཕར་ཡོང་བའི་དམངས་ཕྱུག་ཐོན་ལས་ལ་སྐུལ་ཁྲིད་བྱེད་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད།