འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ7ཚེས9ཉིན་གྱི་སྔ་དྲོར། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་རིག་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས2026ལོ་འཁོར་གྱི་སློབ་སྦྱོང་ཚོགས་འདུ་ཐེངས་བདུན་པ་འཚོགས་ཤིང་། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་རེན་གཞོན་པ་བློ་བཟང་ཡེ་ཤེས་ཀྱིས་ཚོགས་འདུར་གཙོ་སྐྱོང་ཞུས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་ཏང་འཛུགས་སྐྱོང་གི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། “རྒྱུན་འཁྱོངས་བཅུ་བཞི”ཡི་ནང་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ། དེའི་རིག་གཞུང་གི་གནད་རྟོགས་པ་བཅས་བྱེད་དགོས། དྲ་ཐོག་ལས་སྟེགས་དང་གཞི་རིམ་གྱི་སྒྲོག་འགྲེལ་ལ་བརྟེན་ནས་སློབ་སྦྱོང་དྲིལ་བསྒྲགས་གཏིང་ཟབ་དང་སྦྱོང་སྤྱོད་ཟུང་འབྲེལ་གྱིས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ལ་དམ་པོར་དམིགས་ཏེ། ཏང་འཛུགས་སྐྱོང་དེ་ཁྲིམས་འཛུགས་དང་ལྟ་སྐུལ། འཐུས་མི་བཅས་ཀྱི་ལས་དོན་དང་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། སྤུས་དག་གི་ཏང་འཛུགས་སྐྱོང་ལ་བརྟེན་ནས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཁྲིད་སྟོན་བྱས་ཏེ་སྤུས་འབྲས་གཉིས་ཀ་ཆེ་རུ་གཏོང་དགོས་ཅེས་བསྟན།

