国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年07月10日

ཁྲུང་བོད་མཐུན་པའི་མཛའ་གཅུགས་མུ་རུ་བསྐྱངས། གཅིག་རྒྱུན་གཅིག་འཛིན་བྱས་ནས་བདེ་ཐང་སྲུང་།

-ཁྲུང་ཆིང་གྲོང་ཁྱེར་གྱི་ཁག་དགུ་པ་དང་ཁག་བཅུ་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་ཀྱི་ཤེས་ལྡན་མི་སྣའི་ལས་འགན་རྩིས་སྤྲོད་ལེན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ6ཚེས8ཉིན་གྱི་ཕྱི་དྲོར། ཁྲུང་ཆིང་གྲོང་ཁྱེར་གྱི་ཁག་དགུ་པ་དང་ཁག་བཅུ་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་ཀྱི་ཤེས་ལྡན་མི་སྣའི་ལས་འགན་རྩིས་སྤྲོད་ལེན་གྱི་བཞུགས་མོལ་ཚོགས་འདུ་དེ་མི་དམངས་སྨན་ཁང་དུ་འཚོགས་པ་རེད།

ཁྲུང་ཆིང་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགོ་ཁྲིད་ཚོགས་འདུར་ཞུགས་ཡོད།

བཞུགས་མོལ་ཚོགས་འདུའི་ཐོག་ཁག་དགུ་པའི་བོད་སྐྱོར་སྨན་བཅོས་ཀྱི་ཤེས་ལྡན་མི་སྣའི་འཐུས་ཚབ་ཀྱིས་བོད་སྐྱོར་གྱི་ལག་ལེན་དང་ཟུང་འབྲེལ་ཐོག་ཉམས་མྱོང་མཉམ་སྤྱོད་གནང་བ་རེད། ཚང་མས་བོད་སྐྱོར་གྱི་ཉམས་མྱོང་ཧ་ཅང་རིན་ཐང་ཆེ་ལ་མ་འོངས་པར་མུ་མཐུད་ནས་སེམས་པ་བོད་ལ་བཅངས་ནས་ཁྲུང་བོད་ཀྱི་སྨན་བཅོས་མཉམ་ལས་ཐད་གཞོགས་འདེགས་བྱ་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད།

ཁག་བཅུ་པའི་བོད་སྐྱོར་སྨན་བཅོས་ཀྱི་ཤེས་ལྡན་མི་སྣའི་འཐུས་ཚབ་ཀྱིས་རྗེས་ཕྱོགས་མུ་མཐུད་ནས་ཁག་དགུ་པའི་རྒན་རབས་རྣམས་ཀྱི་སྤྱོད་བཟང་དང་རྩ་ཆེའི་ཉམས་མྱོང་རྒྱུན་འཛིན་དར་སྤེལ་བྱས་ནས། གང་མགྱོགས་ལས་གནས་ཐོག་ཞུགས་ཏེ་འགན་འཁྲི་འཁུར་ཐུབ་པ་དང་བརྩོན་འགྲུས་ཆེན་པོས་སྨན་བཅོས་བོད་སྐྱོར་གྱི་ལས་དོན་ནང་ཞུགས་ཐུབ་པར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།