འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། བྲག་གཡབ་རྫོང་གིས་ཟླ་ཆུའི་ཐང་ཆེན་དུ་2026ལོའི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”མངོན་མིན་ཤུལ་བཞག་རིག་གནས་དྲིལ་བསྒྲགས་འགྲེམས་སྟོན་དང“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་སྡུར་གྲུབ་འབྲས་འགྲེམས་སྟོན་བྱེད་སྒོ་གཉེར་ཏེ། ཐབས་ལམ་སྣ་མང་གི་ཐོག་ནས་མངོན་མིན་ཤུལ་བཞག་རིག་གནས་ཐོན་ཁུངས་གསོན་སྒྱུར་དང་རིག་གནས་ཀྱི་རྨང་གཞི་གསོ་སྤེལ་བཅས་བྱས་ནས་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་མང་ཚོགས་ཀྱི་བསམ་པའི་ནུས་པ་སྐྱེད་པ། དམངས་འཚོའི་འབབ་འཕར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་སྤེལ་བཏང་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོས་མངོན་མིན་ཤུལ་བཞག་རིག་གནས་ས་གནས་ས་ཐོག་ཏུ་འགྲེམས་འཚོང་བྱས་པ་བརྒྱུད།“འགྲན་རའི་ལག་རྩལ”དེ“ཁྲོམ་རའི་ཡོང་འབབ”ཕྱོགས་སུ་བསྒྱུར་བའི་བགྲོད་ལམ་ཤར་གཏོང་ཐུབ་ཏེ་དོན་ངོ་མའི་ཐོག་ནས་སྲོལ་རྒྱུན་གྱི་ལག་རྩལ་དེ་ཉིད་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བའི་དམ་འཛིན་བྱ་གཞི་ནུས་ལྡན་ཞིག་ཏུ་ཆགས་པར་བྱས་ཡོད།
གོམ་སྟབས་རྗེས་མར་བྲག་གཡབ་རྫོང་གིས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་སྟེགས་བུར་བརྟེན་ནས་རྒྱུན་རྣམ་ཅན་གྱིས་མངོན་མིན་ཤུལ་བཞག་རིག་གནས་འགྲེམས་སྟོན་དང་། ཉམས་མྱོང་། སྤེལ་རེས་བཅས་ཀྱི་བྱེད་སྒོ་སྤེལ་བ་དང་། རྒྱུན་མཐུད་ཀྱིས་བརྒྱུད་བསྒྲགས་ཀྱི་རྣམ་པ་གསར་གཏོད་དང་མངོན་མིན་ཤུལ་བཞག་རིག་གནས་ཀྱི་རིན་ཐང་སྐུལ་སློང་བཅས་བྱས་ཏེ། གནའ་བོའི་མངོན་མིན་ཤུལ་བཞག་རིག་གནས་ལ་འོད་སྣང་སྟེར་བ་དང་། གྲོང་གསེབ་དར་རྒྱས་དང་གཞི་རིམ་བཅོས་སྐྱོང་ཡོང་བར་རིག་གནས་ཀྱི་སྒུལ་ནུས་བསྣན་རྒྱུ་ཡིན་པ་རེད།

