国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年07月10日

ལའོ་ཆིན་འུའུ་ཡིས་བྲག་གཡབ་རྫོང་དུ་བརྟག་ཞིབ་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་7པའི་ཚེས་2ཉིན་ནས་ཚེས་3ཉིན་བར།གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་བྲག་གཡབ་རྫོང་དུ་སྐབས་བརྗེའི་འདེམས་བསྐོ་ཐད་ལྟ་སྐུལ་མཛུབ་ཁྲིད་བྱེད་པར་ཕེབས་ཏེ། རྣམ་གྲངས་གལ་ཆེན་འཛུགས་སྐྲུན་དང་མཛེས་མཐུན་གྲོང་གསེབ། ཁྱད་ལྡན་ཐོན་ལས། སློབ་གསོ་སློབ་ཁྲིད་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་དང་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་ཚུར་ལན་གནད་དོན་དག་ཐེར་དོན་འཁྱོལ་བྱས་ཚུལ་ལ་ལྟ་ཞིབ་བྱས་པའི་ཁར། གཞི་རིམ་གྱི་འཐབ་ས་དང་པོའི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་ཡང་གནང་བ་རེད།

ལའོ་ཆིན་འུའུ་སྔ་རྗེས་སུ་བྱམས་མདུན་གྲོང་རྡལ་དང་། དབྱེན་འདུམ་གྲོང་རྡལ། མཁར་སྒང་ཤང་སོགས་སུ་ཕེབས་ཏེ། སློབ་གྲྭ་བསྐྱར་སྐྲུན་རྒྱས་སྐྲུན་གྱི་ལས་གྲྭའི་འཕེལ་རིམ་དང་། སྡོང་ཕྲུག་ར་བའི་གཉེར་སྐྱོང་དོ་དམ། ཡུལ་གཞན་དུ་གནས་སྤོས་རོགས་སྐྱོར། མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་སོགས་ཀྱི་ལས་ཀའི་ཕན་འབྲས་ས་གནས་ས་ཐོག་ཏུ་ཤེས་རྟོགས་བྱས་པ་རེད།

ལའོ་ཆིན་འུའུ་ཡིས་སྐབས་བརྗེའི་སྒྲིག་ཁྲིམས་ནན་དུ་གཏོང་བ་དང་བརྒྱུད་རིམ་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས། སྐབས་བརྗེའི་ལས་དོན་སྲོལ་བཟང་སྤྱོད་བཟང་གི་སྒོ་ནས་སྤེལ་དགོས་ཤིང་།

ལས་དོན་དེ་བརྟན་ལྷིང་དང་གོ་རིམ་ལྡན་པའི་ངང་ནས་ལེགས་འགྲུབ་ཡོང་བའི་འགན་ལེན་བྱེད་དགོས། རྣམ་གྲངས་གལ་ཆེན་འཛུགས་སྐྲུན་དང་འབྲེལ་མཐུད་ཧུར་ཐག་བྱས་ཏེ་ལས་ཀར་ཞུགས་པ་དང་།རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་པ། དངོས་ཟོག་འགན་སྲུང་སོགས་ལ་དམིགས་ནས་ཞབས་ཞུའི་འདེགས་སྐྱོར་ཡག་པོ་བྱས་ཏེ་ཞིང་འབྲོག་མང་ཚོགས་ལས་ཞུགས་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱེད་དགོས། ཡུལ་གཞན་དུ་གནས་སྤོའི་རོགས་སྐྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁུལ་ཆུང་གི་ལེ་ལག་ཚང་དུ་གཏོང་བ། སྡོད་མལ་ཁོར་ཡུག་མཛེས་སུ་གཏོང་བ། ལས་ཞུགས་སྦྱོང་བརྡར་དང་ལས་གནས་རྒྱ་ཆེར་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་གནས་སྤོས་མང་ཚོགས་བདེ་སྡོད་ལས་བརྩོན་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། རྨང་གཞིའི་སློབ་གསོས་ཕུགས་ལ་གཞི་ཚུགས་ཏེ་དངོས་སྤྱོད་ཁྲིད་སྟོན་ལ་བརྟེན་ནས་སློབ་གྲྭའི་ནུས་པའི་བཀོད་པ་ལེགས་སུ་གཏོང་བ་དང་སློབ་གསོ་སློབ་ཁྲིད་ཀྱི་ཕྱོགས་བསྡུས་སྒྱུར་བཅོས་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་ནས་མི་དམངས་ཀྱི་བློ་ཡིད་ཚིམ་པའི་སློབ་གསོ་ནུས་ཤུགས་ཡོད་རྒུས་ཡག་པོ་གཉེར་དགོས། འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས་བྱེད་པོའི་འགན་འཁྲི་ནན་དུ་བཏང་ནས་འགྲོ་ལམ་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་གི་ལས་དོན་རྒྱུན་རྣམ་ཅན་གྱི་སྒོ་ནས་ཡག་པོ་བསྒྲུབས་ཏེ། འགྲོ་མི་དང་རླངས་འཁོར་འགྲོ་འོང་གི་བདེ་འཇགས་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།