འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། “བདུན་གཅིག”རིང་། རང་རེའི་གྲོང་ཁྱེར་གྱི་རིམ་པ་ཁག་དང་ཚན་པ་ཁག་གིས་འཆར་འགོད་ཞིབ་ཚགས་དང་བཀོད་སྒྲིག་དམ་ནན་བྱས་ཏེ་སྣ་མང་ཕུན་སུམ་ཚོགས་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ལོ་རྒྱུས་ཀྱི་ཁྲོད་ནས་བསམ་པའི་སྟོབས་ཤུགས་བསྡུ་ལེན་དང་བརྗིད་ཉམས་ལྡན་པའི་མཛད་སྒོ་ལས་བསམ་བློའི་ཆོད་སེམས་བརྟན་དུ་བཏང་ནས་ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན་བྱེད་པའི་བརྩེ་བ་དེ་ཉིད་འགན་འཁྲི་ཕྲག་སྒྲུབ་དང་ཆབ་མདོ་འཛུགས་སྐྲུན་བྱེད་པའི་དངོས་ཡོད་བྱ་སྤྱོད་དུ་འགྱུར་བ་བྱས་ཡོད།

