འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།“དམར་མདངས་ཆབ་མདོ།དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་སྡུར་བྱེད་སྒོ་སྤེལ་བའི་ཚུན་དུ།ལྷོ་རོང་རྫོང་གིས“ཟླ་རེར་བྱེད་སྒོ་ཡོད་པ་དང་ཚང་མ་ཞུགས་ཐུབ་པའི”ལས་ཀའི་དམིགས་ཚད་དམ་པོར་དམིགས་ཏེ་དབྱར་རྩྭ་དགུན་འབུ་བརྐོ་འཐུའི་དུས་དང་གཞི་རིམ་གྱི་སྐབས་བརྗེ།གྲོང་སྡོད་སྐབས་བརྗེ་སོགས་རྫོང་ཁོངས་ཀྱི་ལས་དོན་དངོས་དང་ཟུང་འབྲེལ་གྱིས་བྱེད་སྒོ་ལས་ཀའི་བླང་བྱ་དང་སྤྱི་འདོམས་བཀོད་སྒྲིག གནད་སྨིན་ཤུགས་འདོན་བཅས་དང་ཚད་གཞི་ཡང་ཡང་བསྡུར་བ་དང་། མང་ཚོགས་རང་བཞིན་གྱི་རིག་རྩལ་འགྲན་སྡུར་དང་། བསམ་བློའི་ཁྲིད་སྟོན། གཞི་རིམ་བཅོས་སྐྱོང་། དམངས་ཕྱུག་འབབ་འཕར་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་སྟེ། གཞི་རིམ་གྱི་བྱེད་སྒོར་དྲོད་འཁོལ་ལྡན་པ་དང་། ནང་དོན་འཛོམས་པ། ཕན་འབྲས་ཆེ་བར་བྱས་ཡོད།

