国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年07月07日

ཆབ་མདོ་གྲོང་ཁྱེར་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་མང་ཚོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་རྟེན་འབྲེལ་ཚོགས་ཆེན་གཅིག་སྡུད་ཐོག་གསན་གཟིགས་བྱས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་7ཚེས་1ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་རྟེན་འབྲེལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བདུན་གཅིག་བྱས་རྗེས་གཟེངས་རྟགས”ཐོབ་མཁན་ལ་བྱས་རྗེས་གཟེངས་རྟགས་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། རང་རེའི་གྲོང་ཁྱེར་གྱི་ཚན་ཁག་ཆེ་མོ་བཞིའི་འགོ་ཁྲིད་དང་། ལས་ཁུངས་ཀྱི་ལས་བྱེད་པ། ཞིང་འབྲོག་མང་ཚོགས། ཆོས་ལུགས་ལས་རིགས་ཀྱི་མི་སྣ། ན་གཞོན་སློབ་མ་བཅས་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མིས་ཚོགས་རར་གཅིག་སྡུད་ཐོག་བལྟ་བ་དང་། དྲ་ཐོག་ཏུ་རང་འགུལ་གཟིགས་པ་སོགས་ཕན་ཚུན་ཟུང་དུ་འབྲེལ་ཏེ་མཉམ་དུ་ཚོགས་ཆེན་གྱི་ཐད་གཏོང་གནས་ཚུལ་ལ་གཟིགས་ཡོད། ཁམས་པའི་རིག་གནས་འཁྲབ་སྟོན་སྒྱུ་རྩལ་ལྟེ་གནས་སུ།ཀྲོང་ཅིན་སུང་དང་ལའོ་ཆིན་འུའུ་སོགས་གྲོང་ཁྱེར་གྱི་འགོ་ཁྲིད་ཀྱིས་ཚན་པ་ཁག་དང་ལས་ཁུངས་ཁག་གི་ཏང་ཡོན་ལས་བྱེད་པ་དང་མཉམ་དུ་ཐད་གཏོང་ལ་གཟིགས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་གསན་པ་རེད། ཚང་མས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་ངོ105རིང་རླུང་འཚུབ་དྲག་ཆར་གྱི་འབད་འཐབ་ལམ་བུར་ཕྱིར་དྲན་ཟབ་མོ་དང་ཏང་གིས་གངས་ལྗོངས་བུ་ཕྲུག་གི་སྣེ་ཁྲིད་དེ་དབུལ་སྐྱོར་འགག་སྒྲོལ་གྱི་དམག་འཐབ་རྒྱལ་ཁ་བླངས་པ་དང་། མཐའ་མཚམས་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་བཏང་བ། དམངས་འཚོར་རྒྱུན་བསྲིང་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཉམས་སུ་མྱོང་ཐུབ་ཡོད། གོམ་སྟབས་རྗེས་མར།ཆབ་མདོ་གྲོང་ཁྱེར་གྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་རྟེན་འབྲེལ་ཚོགས་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་མིག་སྔར་གྱི་ཆབ་སྲིད་ཀྱི་ལས་འགན་དང་པོར་བརྩིས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཁོང་དུ་ཆུད་པར་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་མཐུད་ཀྱིས་བརྟན་པོར་འཛུགས་པ་དང་། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞིའི་མཐའ་འཁོར་དུ་དམ་པོར་དམིགས་ཏེ་ས་མཐོར་རྐང་ཚུགས་པ་དང་དངོས་སྒྲུབ་འཁུར་ཕོད་པ། གྲོང་གསེབ་དར་རྒྱས་དང་ ཐོན་ལས་རིམ་སྤར། གཞི་རིམ་བཅོས་སྐྱོང་། སྐྱེ་ཁམས་སྲུང་སྐྱོབ་བཅས་ཀྱི་གཙོ་གནད་ལས་དོན་ལ་དམིགས་པ། དྲིན་ཚོར་གྱི་བསམ་པ་ལས་སྒྲུབ་ལས་གཏོད་ཀྱི་དངོས་ཡོད་བྱ་སྤྱོད་དུ་འགྱུར་བ་བྱས་ཏེ་ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་པ་དང་། མཐའ་མཚམས་དར་རྒྱས་དང་བརྟན་ལྷིང་ཡོང་བའི་གཡུར་ཟའི་གྲུབ་འབྲས་ཀྱི་ཐོག་ནས་ཏང་ལ་ལེགས་སྐྱེས་འབུལ་རྒྱུ་ཡིན་པ་རེད།