འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ6ཚེས26ཉིན། གྲོང་ཨུད་རྩ་འཛུགས་པུའུ་ཡིས་སྣེ་ཁྲིད་པའི་དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན་ཞེས་པའི་ལས་བྱེད་སྦྱོང་བརྡར་ཆེན་མོའི་གཞུང་ལུགས་ཀྱི་ཤེས་བྱ་འགྲན་སྡུར་སྐབས་གཉིས་པའི་མཐའ་བསྡུར་གཉེར་བ་རེད། གྲོང་ཁྱེར་ཡོངས་སུ་ཁྱོན་བསྡོམས་འཐུས་ཚབ་རུ་ཁག་བརྒྱད་ལ་མཐའ་བསྡུར་གྱི་འོས་ཐོབ་རག་ཡོད། གྲོང་ཁྱེར་གནམ་གཤིས་ཅུད་ཀྱི་འཐུས་ཚབ་རུ་ཁག་ལ་བྱ་དགའ་ཨང་དང་པོ་ཐོབ་པ་རེད།
འགྲན་སྡུར་གོང་ལ། གཙོ་གཉེར་ཕྱོགས་ཀྱིས་རྒྱན་འཕེན་ཏེ་འགྲན་ཞུགས་རུ་ཁག་རྣམས་སྔ་རྗེས་བང་བསྒྲིགས་པ་རེད། འགྲན་སྡུར་གྱི་དྲི་གཞི་ནི་སྣེ་གཅིག་དྲི་གཞི་དང་སྣེ་མང་དྲི་གཞི། བརྡར་ཤའི་དྲི་གཞི། ལེན་འདེབས་དྲི་གཞི་སོགས་བཀོད་སྒྲིག་བྱས་པ་དང་། ནང་དོན་གཙོ་བོར་ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས། བསྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་ཀྱི་བྱུང་འཕེལ་ལོ་རྒྱུས། དེ་བཞིན་རང་སྐྱོང་ལྗོངས་དང་ཆབ་མདོ་གྲོང་ཁྱེར་གྱི་སྲིད་དོན་གལ་ཆེའི་མཛད་ཇུས་འགའ་ཤས་བཅས་ཡིན་པ་རེད།
མི་སྒེར་གྱི་ངེས་འདེབས་དྲིས་ལན་དང་ཧབ་འདེབས་དྲིས་ལན། ཚོགས་པ་འགྲན་རྩོད་བཅས་རེས་སྐོར་གསུམ་བརྒྱུད་ནས། གྲོང་ཁྱེར་གནམ་གཤིས་ཅུད་ཀྱི་འཐུས་ཚབ་རུ་ཁག་གིས་ཁྱོན་བསྡོམས་སྐར་མ300བླངས་ནས་བྱ་དགའ་ཨང་དང་པོ་རག་པ་རེད། རི་བོ་ཆེ་རྫོང་གི་འཐུས་ཚབ་རུ་ཁག་དང་སྟེང་ཆེན་རྫོང་གི་འཐུས་ཚབ་རུ་ཁག་གཉིས་ལ་བྱ་དགའ་ཨང་གཉིས་པ་ཐོབ་པ་དང་། གྲོང་ཁྱེར་ལས་རིགས་སློབ་གྲྭའི་འཐུས་ཚབ་རུ་ཁག་དང་འཇོ་མདའ་རྫོང་གི་འཐུས་ཚབ་རུ་ཁག ། ལྷོ་རོང་རྫོང་གི་འཐུས་ཚབ་རུ་ཁག་བཅས་གསུམ་ལ་བྱ་དགའ་ཨང་གསུམ་པ་ཐོབ་ཡོད། སྨར་ཁམས་རྫོང་གི་འཐུས་ཚབ་རུ་ཁག་དང་མཛོ་སྒང་རྫོང་གི་འཐུས་ཚབ་རུ་ཁག་གཉིས་ལ་ཕུལ་བྱུང་གི་བྱ་དགའ་ཐོབ་པ་རེད། འགྲན་ཞུགས་རུ་མི་ཚོས་གཞུང་ལུགས་ཀྱི་ཤེས་བྱ་འགྲན་སྡུར་ནང་ཞུགས་རྗེས་མར་ཁི་སི་རིང་ལུགས་ཀྲུང་གོ་ཅན་གཞུང་ལུགས་ལ་ངོས་འཛིན་ཆེ་རུ་སོང་ཞིང་ཏང་གི་སྐབས་བཅོ་བརྒྱད་པ་ནས་བཟུང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ལ་ངེས་ཤེས་གསལ་པོར་རྙེད་སོང་བས། ཕྱིན་ཆད་ཏང་གི་གསར་གཏོད་རིག་པའི་གཞུང་ལུགས་ཀྱིས་བསམ་བློར་གོ་ཆ་བགོས་ཏེ། ལག་ལེན་ལ་མཛུབ་ཁྲིད་དང་ལས་ཀར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད།

