འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ6པའི་ཚེས29ཉིན།གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲོང་ཨུད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་ནས་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པར་ཆེད་དོན་སློབ་སྦྱོང་བྱས་པ་རེད།
ཚོགས་འདུ་ཡིས་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་ནི་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་བའི་རླབས་ཆེན་ལག་ལེན་ལས་བྱུང་བ་ཞིག་ཡིན་ལ།“ཟུང་འབྲེལ་གཉིས”དེ་ཏང་འཛུགས་ཁྱབ་ཁོངས་ཀྱི་གྲུབ་འབྲས་གསར་ཤོས་ཡིན་པས། དེས་ཀྲུང་གོ་གུང་ཁྲན་ཏང་འཇོན་པོ་ཡོད་དགོས་དོན་དང་། མར་ཁེ་སི་རིང་ལུགས་ཡང་དག་པ་ཡིན་དགོས་དོན།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཡག་པོ་ཡིན་དགོས་དོན་བཅས་ཀྱི་ནང་གནས་ཀྱི་དགོས་མཁོར་གསལ་སྟོན་གཏིང་ཟབ་བྱས་ཡོད་པས། བདེན་དོན་གྱི་སྟོབས་ཤུགས་དང་ལག་ལེན་གྱི་སྟོབས་ཤུགས་ཆེན་པོ་ལྡན་ཡོད་ཅེས་བསྟན།
ཚོགས་འདུ་ཡིས་ཆབ་མདོ་ནི་བོད་དུ་སྐར་ལྔའི་དར་དམར་བསྒྲེང་ས་ཐོག་མ་དེ་ཡིན་པས། ངེས་པར་དུ་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་སྔོན་ལ་བྱེད་ཅིང་མིག་དཔེ་བསྟན་དགོས། གོ་བ་གཏིང་ནས་འབྱོང་དགོས་ཏེ།མ་རྩོམ་ཀློག་ཅིང་མ་གཞུང་སྦྱོང་བ་དང་གནས་ལུགས་རྟོགས་པར་བྱས་ཏེ།“རྒྱུན་འཁྱོངས་བཅུ་བཞིའི”སྙིང་དོན་ཁོང་དུ་ཆུད་པ་དང་།དེ་ལས་བསྟན་པའི་གཞུང་ལུགས་ཀྱི་གནད་འགག་རྟོགས་དགོས། དྲིལ་བསྒྲགས་དང་སྒྲོག་འགྲེལ་བྱ་དགོས་ཏེ།རིགས་དང་དམིགས་ཡུལ་བཀར་ནས་དྲིལ་བསྒྲགས་གསལ་བཤད་བྱས་ཏེ། གསོན་པའི་བསམ་བློ་གསོན་པོར་འཆད་དགོས་ལ་མཐར་ཕྱིན་པའི་གཞུང་ལུགས་མཐར་ཕྱིན་པར་བཤད་དེ།ཀུན་གྱི་སེམས་ལ་འཇགས་པར་བྱ་དགོས།དངོས་སྒྲུབ་དངོས་ཕན་ལ་བརྩོན་དགོས་ཏེ། “འཛུགས་སྐྲུན་ཆེ་ཁག་དྲུག”ལ་མཉམ་དུ་སྐུལ་འདེད་བཏང་ནས། ཕྱོགས་ཡོངས་ནས་ཏང་སྐྱོང་གི་སྤུས་ཚད་མཐོར་གཏོང་གིས་ཏང་གི་ཆབ་སྲིད་ཀྱི་དགེ་མཚན་དང་རིག་གཞུང་གི་དགེ་ཚན་རྣམས“ཐམས་ཅད་ཁ་ཤར་ལ་གཏད་དེ།ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་སྟོན་སྣེ་ཁྲིད་གྲོང་ཁྱེར་འཛུགས་སྐྲུན”གྱི་གོང་འཕེལ་གྱི་དགེ་མཚན་དང་བཅོས་སྐྱོང་གི་ཕན་ནུས་སུ་བསྒྱུར་དགོས་པའི་ནན་བཤད་གནང་ཡོད།

