国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年07月06日

ཆབ་མདོ་གྲོང་ཁྱེར་གྱི“ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག”གི་གཟེངས་བསྟོད་ཚོགས་ཆེན་འཚོགས་པ།

འདི་ནི་གྲོང་ཨུད་ཀྱི་འགོ་ཁྲིད་ཀྱིས་གཟེངས་བསྟོད་ཐོབ་པའི་འཐུས་མིར་བྱ་དགའ་གནང་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཟླ6པའི་ཚེས29ཉིན། ཆབ་མདོ་གྲོང་ཁྱེར་གྱི“ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག”གི་གཟེངས་བསྟོད་ཚོགས་ཆེན་འཚོགས་ཤིང་། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་ཚོགས་འདུ་གཙོ་སྐྱོང་ཞུས་ཡོད།

ཚོགས་འདུའི་ཐོག་གྲོང་ཨུད་ཀྱི་འགོ་ཁྲིད་ཀྱིས་གཟེངས་བསྟོད་ཐོབ་པའི་འཐུས་མིར་བྱ་དགའ་གནང་བ་རེད། ཀྲོང་ཅིན་སུང་གིས་གྲོང་ཨུད་ཀྱི་ཚབ་ཞུས་ནས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་ལ་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་དང་འཐབ་ཕྱོགས་ཁག་ཏུ་འབད་འཐབ་བྱེད་བཞིན་པའི་རྒྱ་ཆེའི་ཏང་ཡོན་ལ་དུས་ཆེན་གྱི་བྱམས་བརྩེའི་འཚམས་འདྲི་ཞུས་གནང་བ་རེད།

ཚོགས་འདུ་ཡིས་ཆབ་མདོ་ནི་གཟི་བརྗིད་ལྡན་པའི་གསར་བརྗེའི་སྲོལ་རྒྱུན་དང་འོད་སྟོང་འབར་བའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ལྡན་པའི་གསར་བརྗེའི་ས་ཆ་ཞིག་ཡིན། ཉེ་བའི་ལོ་ཤས་རིང་། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱིས“དོན་ཆེན་བཞིར”དམ་པོར་དམིགས་པ་དང་།“ འཛུགས་གཏོད་བཞིར”ཤུགས་རྒྱག་པ། དྲིན་ཚོར་མདུན་སྐྱོད་དང་ལས་འགན་ཕྲག་ཏུ་འཁུར་བས། ཆབ་མདོ་འདི་ཉིད་འཕེལ་རྒྱས་ལེགས་ཤིང་འཕོ་འགྱུར་ཆེ་ལ་མི་རིགས་ཁག་གི་མང་ཚོགས་ལ་ཁེ་ཕན་ཐོབ་མང་ཤོས་ཀྱི་ལོ་རྒྱུས་ཀྱི་དུས་སྐབས་ཤིག་ཏུ་བསྐྱོད་མགོ་ཚུགས་ཡོད་ཅེས་བསྟན།

ཚོགས་འདུ་ཡིས་ཆབ་མདོའི་ལས་དོན་ཡག་པོ་སྒྲུབ་པར་འགག་རྩ་ནི་ཏང་ལ་ཐུག་ཡོད། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱིས་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ལག་བསྟར་མཁན་དང་འགུལ་སྐྱོད་མཁན། དངོས་སྒྲུབ་མཁན་བཅས་བྱ་དགོས། ཏང་གཤིས་བརྟན་པོ་སྦྱོང་བརྡར་བྱེད་དགོས་ཤིང་། “གཏན་འཁེལ་གཉིས”མཐའ་གཅིག་ཏུ་བརྩི་སྲུང་ཞུ་བ་དང་། “སྲུང་སྐྱོབ་གཉིས”མཐའ་གཅིག་ཏུ་ཐུབ་པ་བཅས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་རང་མདངས་ནམ་ཡང་མི་ཉམས་པར་བྱེད་དགོས། ཏང་ཡོན་གྱི་དཔུང་ཁག་སྟོབས་ཆེན་འཛུགས་སྐྱོང་བྱེད་དགོས་ཤིང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་དང་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་ལག་ལེན་བསྟར་བ་དང་། “ལས་འགན་ཆེན་པོ་དགུའི་འདེགས་སྐྱོར”ལ་དམ་པོར་དམིགས་ནས་མི་དམངས་ཀྱི་ཆེད་དུ་སྲིད་འབྲས་འདོན་པ་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་འབྲས་བརྩོན་ལེན་བྱེད་དགོས། རྩ་འཛུགས་ཀྱི་མ་ལག་འཐུས་ཚང་དུ་གཏོང་དགོས་ཤིང་། འཐབ་འཛིང་གི་བཙན་རྫོང་བརྟན་པོར་འཛུགས་པ་དང་། ཏང་གི་འགོ་ཁྲིད་དེ“ལུས་པོས་དཔུང་པ་བཀོལ་བ་དང་། དཔུང་པས་མཛུབ་མོ་བཀོལ་བ”ལྟ་བུ་ཐུབ་པའི་འགན་ལེན་བྱས་ཏེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་བསྐྲུན་པར་རྩ་འཛུགས་ཀྱི་འགན་ལེན་ནུས་ལྡན་མཁོ་འདོན་བྱེད་དགོས་པའི་ནན་བཤད་གནང་ཡོད།