འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ6པའི་ཚེས26ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲོང་ཨུད་ཀྱི་ཕྱོགས་ཡོངས་ནས་ཁྲིམས་ལྟར་གྲོང་སྐྱོང་ཨུ་ལྷན་གྱི་ཚོགས་འདུ་དང་2025ལོའི་ལོ་འཁོར་གྱི་ཆེད་དོན་བཅའ་ཁྲིམས་གླེང་བའི་ཚོགས་འདུ་གཙོ་སྐྱོང་གནང་ནས་ལས་དོན་སྙན་སེང་དང་རྫོང(ཆུས)དང་ཚན་པ་ཁག་ཅིག་གི་འགན་འཁུར་བ་གཙོ་བོས་བཅའ་ཁྲིམས་སྐོར་གྱི་ལས་འགན་སྒྲུབ་ཚུལ་གསན་པ་དང་། ཡིག་ཆ་གྲོས་ཞིབ་བྱས་པ་མ་ཟད་ལས་དོན་བཀོད་སྒྲིག་བཅས་གནང་ཡོད་པ་རེད།
ཚོགས་འདུ་ཡིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་ནང་དོན་ཕུན་སུམ་ཚོགས་པ་དང་གཏན་ཚིགས་ཚགས་དམ་པས། དེ་ནི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་ཡིན། རིམ་པ་ཁག་དང་ཚན་པ་ཁག་གིས་ཟབ་སྦྱོང་མཐིལ་རྟོགས་བྱས་ཏེ། དེའི་ནང་འདུས་པའི་ལྟ་བ་དང་བྱ་ཐབས་དེ་དག་ཁྲིམས་སྐྱོང་ཆབ་མདོ་འཛུགས་སྐྲུན་གྱི་གསོན་ཉམས་ལྡན་པའི་ལག་ལེན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་ཅེས་བསྟན།
ཚོགས་འདུ་ཡིས་ཁྲིམས་ལྟར་གྲོང་སྐྱོང་བྱ་རྒྱུ་ནི་བརྟན་ལྷིང་སྲུང་སྐྱོབ་དང་། འཕེལ་རྒྱས་སྐུལ་འདེད། བཅོས་སྐྱོང་ལེགས་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་མ་ལག་ལྡན་པའི་འདུ་འགོད་ཤིག་ཡིན། ཆབ་སྲིད་ཀྱི་ཐད་ནས་ལྟ་བ་དང་ཁྱོན་ཡོངས་ནས་འཆར་འགོད་རྩོམ་པ། ཏང་གི་འགོ་ཁྲིད་ཁྲིམས་ལྟར་གྲོང་སྐྱོང་གི་བརྒྱུད་རིམ་ཧྲིལ་བོ་དང་ཕྱོགས་ཁག་མང་པོར་ཁྱབ་པར་བྱས་ཏེ། ཁྲིམས་སྐྱོང་ཕན་འབྲས་ལ་བརྟེན་ནས་ཆབ་སྲིད་ཀྱི་བློ་དཀར་མངོན་པར་བྱེད་དགོས། ཅི་ཞིག་སྒྲུབ་ན་དེ་སྦྱོང་རྒྱུ་མཐའ་འཁྱོངས་བྱས་ཏེ་གོང་གིས་འོག་ལ་སྣེ་ཁྲིད་དེ་སྦྱོང་བ་དང་། ལས་གནས་ལ་གཞི་ཚུགས་ཏེ་ཞིབ་སྦྱོང་བཅས་བྱས་ཏེ། ཁྲིམས་ལྟར་འགན་སྒྲུབ་ཀྱི་ནུས་པའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་དགོས།“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་སྡུར་བྱེད་སྒོ་ལ་བརྟེན་ནས་དྲང་ཕྱོགས་ཀྱིས་དྲིལ་བསྒྲགས་དང་ལྡོག་ཕྱོགས་ཀྱིས་ཉེན་ཟོན་གཏོང་བ་བྱས་ཏེ།“ཅི་ཞིག་སྒྲུབ་རུང་བའམ་གང་ཞིག་སྒྲུབ་མི་རུང་བའི”ཁྲིད་སྟོན་གསལ་པོ་འཛུགས་དགོས། བློ་ཐག་ཆོད་པོས་མཐའ་གཅིག་ཏུ་ཁྲིམས་ལྟར་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་མཐའ་དག་ལ་རྡུང་རྡེག་ཚ་ནན་གཏོང་བ་དང་། གོམ་པ་གང་ཡང་མཚམས་མི་འཇོག་པ་དང་གོམ་པ་ཕྱེད་ཀ་ཕྱིར་བཤོལ་མི་བྱེད་པ་བཅས་བྱས་ནས“རྩ་བ་ནས་བྱེད་མི་ཕོད་པའི”ཟིལ་གནོན་ཆེན་པོ་ཆགས་པ་བྱེད་དགོས། བསམ་བློ་ཞུན་བརྡར་དང་། ཆབ་སྲིད་སྦྱོང་བརྡར། ལག་ལེན་སྦྱོང་བརྡར། ཆེད་ལས་སྦྱོང་བརྡར་བཅས་ལ་ཤུགས་སྣོན་རྒྱག་པའི་ཐོག་ནས་ཉམས་སད་ཐེག་ཐུབ་པའི་ཧྲག་དམག་ཤིག་བསྐྲུན་དགོས་པའི་ནན་བཤད་གནང་ཡོད།

