国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年06月30日

ཀྲོང་ཅིན་སུང་གིས་གྲོང་ཁྱེར་གྱི་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲོང་ཁྱེར་གྱི་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་གྲོང་ཁྱེར་ཡོངས་ཀྱི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་། རུལ་སུངས་ལ་ངོ་རྒོལ། སློབ་སྦྱོང་སློབ་གསོའི་ལས་དོན་བཅས་ཀྱི་གནས་ཚུལ་སྙན་སེང་དང་དེ་བཞིན་གྲོང་ཨུད་རྒྱུན་ལས་ཨུ་ལྷན་ཚན་ཁག་ཁོངས་མིས2026ལོའི་ལོ་སྟོད་ཀྱི་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ལས་འགན་སྒྲུབ་ཚུལ་གྱི་སྙན་སེང་བཅས་ལ་གསན་ཏེ་འབྲེལ་ཡོད་ཡིག་ཆར་ཞིབ་འཇུག་དང་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བྱས་ཡོད།

ཚོགས་འདུ་ཡིས་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་དགོངས་པ་ནི་ནང་དོན་ཕུན་སུམ་ཚོགས་པ་དང་གཏན་ཚིགས་ཚགས་དམ་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི“ཏང་འཛུགས་སྐྱོང་ལེའུ”ཞིག་གྲུབ་ཡོད་པ་དང་། དེ་ལས་གུང་ཁྲན་ཏང་གི་སྲིད་སྐྱོང་ཆོས་ཉིད་དང་ཏང་གི་རང་ངོས་འཛུགས་སྐྱོང་ཆོས་ཉིད་ལ་ངོས་ཟིན་གྱི་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པ་མཚོན་ལ། དེ་ནི་དུས་རབས་གསར་པའི་ཏང་གི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་རྩ་བའི་གཞི་ས་དང་བྱ་སྤྱོད་ཀྱི་ཁྲིད་ཕྱོགས་ཤིག་ཡིན། མིག་སྔར། དུས་རབས་གསར་པར་ཆབ་མདོས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་ལས་དོན་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། འགན་འཁྲི་རིམ་པ་རིམ་པས་དོན་ཐོག་ཏུ་འཁྱོལ་བ་དེས་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་དགོངས་པ་ནི་དུས་རབས་གསར་པའི་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པ་དང་། ཏང་དར་རྒྱས་དང་ཏང་སྟོབས་ལྡན་གཏོང་བའི་ཁྲིད་སྟོན་ནུས་ལྡན་ཞིག་ཡིན་པ་ར་སྤྲོད་གང་ལེགས་བྱས་ཡོད་ཅེས་བསྟན།

ཚོགས་འདུ་ཡིས་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ནི་མིག་སྔར་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་བརྩི་རྒྱུ་དེ“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་འཛུགས་སྐྲུན་བྱ་རྒྱུ་ཕན་ཚུན་མཉམ་འདྲེས་ཡོང་བར་བྱེད་པ་དང་། སློབ་སྦྱོང་བསམ་གཞིཌ་བེད་སྤྱོད་གསུམ་གཅིག་འབྲེལ་བྱེད་པ་དང་། ཤེས་ཡོན་དད་སེམས་བྱ་སྤྱོད་གསུམ་གཅིག་གྱུར་ཡོང་བར་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་དད་མོས་བྱེད་མཁན་བརྟན་པོ་ཞིག་དང་། ཧུར་ཐག་ཁྱབ་སྤེལ་བྱེད་མཁན། ལག་བསྟར་བྱེད་མཁན་རྣམ་དག་ཅིག་བྱེད་དགོས། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་ལས་འགན་མཐའ་གཅིག་ཏུ་ཕྲག་ཏུ་འཁུར་ཏེ། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་གྱི་སློབ་སྦྱོང་སློབ་གསོ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་། འགོ་ཁྲིད་གསར་པས་རྩིས་ཐོ་རྙིང་པར་ཁ་ཡ་མི་བྱེད་པའི་མངོན་གསལ་ཆེ་བའི་གནད་དོན་གཅིག་སྡུད་བཅོས་སྐྱོང་གཏིང་ཟབ་སྤེལ་བ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་བསྡུས་ལེགས་བཅོས་དམག་འཐབ་ཡག་པོ་བརྒྱབ་ནས་གཡུར་དུ་ཟ་བའི་གྲུབ་འབྲས་ཀྱི་ཐོག་ནས་ཏང་དབུ་བརྙེས་ནས་ལོ105ལོན་པར་ལེགས་སྐྱེས་འབུལ་རྒྱུའི་བླང་བྱ་བཏོན་ཡོད།