འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཆབ་མདོ་གྲོང་ཁྱེར་གྱི“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་བརྗོད་དོན་གཙོ་བོའི་བྱེད་སྒོའི་རྫོང་རིམ་པའི་བསྐྱར་འགྲན་དེ་རྫོང་ཆུས་ཁག་ཏུ་རེས་མོས་ཀྱིས་སྤེལ་ཞིང་། གོ་འཇོ་དང་མཛོ་སྒང་གིས་ཕ་བུའི་སྒྲོག་འགྲེལ་ཐོག་ནས་གསར་བརྗེའི་གཞི་རྒྱུ་རྒྱུད་འཛིན་བྱས་པ་དང་། བྲག་གཡབ་དང་ཁ་རུབ་ཀྱིས་རྩལ་ནུས་ཀྱི་ཐོག་ནས་དངོས་སྒྲུབ་འཇོན་ཐང་སྦྱོང་བརྡར་བྱས་ཏེ།སྣ་མང་གི་མང་ཚོགས་རང་བཞིན་གྱི་བྱེད་སྒོ་ཡིས་གསར་བརྗེའི་གཞི་རྒྱུ་མི་སེམས་སུ་ཟུག་པ་དང་བཟོ་བོའི་སྙིང་སྟོབས་གཞི་རིམ་དུ་རྐང་ཚུགས་ནས་ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་བསམ་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་ཡོད།
གོ་འཇོ་རྫོང་དང་མཛོ་སྒང་རྫོང་གིས་ཕ་བུའི་གཉིས་ཀྱི་གསར་བརྗེའི་གཏམ་རྒྱུད་སྒྲོག་འགྲེལ་འགྲན་སྡུར་གྱི་རྫོང་རིམ་པའི་བསྐྱར་འགྲན་སྤེལ་བ་དང་། སློབ་ཆུང་ཚོགས་ཆུང་དང་། སློབ་འབྲིང་ཚོགས་ཆུང་ཁག་གཉིས་སུ་བགོས་ཏེ་རྫོང་ཡོངས་ཀྱི་ཁྱིམ་ཆུང་ཚོགས་ཆུང་20གར་སྟེགས་གཅིག་གི་ཐོག་ཏུ་བུད་དེ་བསྐྱར་འགྲན་བྱས་ཡོད་པ་རེད།
བྲག་གཡབ་རྫོང་གིས་སྔོག་འཕྲུལ་དང་ས་བླུག་འཕྲུལ་འཁོར་ལས་རིགས་རྩལ་ནུས་ཀྱི་རྫོང་རིམ་པའི་བསྐྱར་འགྲན་སྤེལ་ཞིང་། འགྲན་སྡུར་གྱིས་འཐབ་ས་དང་པོའི་ཨར་ལས་ཡུལ་དངོས་ཟུང་འབྲེལ་དམ་ཟབ་ཀྱིས་རྫོང་ཡོངས་ཀྱི་ཤང་གྲོང13གྱི་རྩལ་ནུས་རྐང་འཛིན་པ14ཡིས་ས་གནས་གཅིག་ཏུ་འགྲན་སྡུར་བྱས་ཡོད་པ་རེད། ཐེངས་འདིའི་མང་ཚོགས་རང་བཞིན་གྱི་བྱེད་སྒོ་རབ་དང་རིམ་པ་ཡིས་གསར་བརྗེའི་རིག་གནས་རྒྱུད་འཛིན་དང་སྒྲོག་འགྲེལ་བྱས་ཏེ་ཕྱོགས་ཡོངས་ནས་ཆབ་མདོ་བུ་ཕྲུག་གི་ཏང་ལ་དགའ་ཞེན་དང་རྒྱལ་ཁབ་ལ་དགའ་ཞེན་བྱེད་པའི་བློ་དཀར་གྱི་ཐོག་མའི་བསམ་འདུན་དང་ལས་སྒྲུབ་ལས་གཏོད་ཀྱི་མདུན་སྐྱོད་ཉམས་འགྱུར་གང་ལེགས་མངོན་པར་བྱས་ཡོད།

