འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ6པའི་ཚེས26ཉིན། རང་རེའི་གྲོང་ཁྱེར་གྱིས“རང་གཞན་ཀུན་གྱིས་འབྱུང་འགྱུར་སྲུང་སྐྱོབ་ནང་དུ་ཞུགས་ཏེ།གཞོན་ནུ་ལོ་ཆུང་གིས་སྨན་རྫས་གང་བྱུང་དུ་སྤྱོད་རྒྱུར་འགོག་ཟོན་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བཟུང་ནས་ཐེན་ཅིན་ཐང་ཆེན་དུ་རྒྱལ་སྤྱིའི་དུག་འགོག་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཡོད།ཐེངས་འདིའི་བྱེད་སྒོ་ནི་ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་གཙོ་སྒྲུབ་བྱས་པ་དང་།གྲོང་ཁྱེར་ཐད་གཏོགས་ཚན་པ14ཡིས་མཉམ་འབྲེལ་ཐོག་རོགས་སྒྲུབ་བྱས་པ་ཞིག་ཡིན། ཡུལ་དངོས་སུ་གསལ་འགྲེལ་དང་ཕན་ཚུན་དྲིས་ལན་བཅས་ཀྱི་ཐབས་ལམ་བརྒྱུད་དུག་འགོག་ཤེས་བྱ་ཁྱབ་གདལ་དུ་བཏང་བ་དང་ནུས་ཤུགས་ཡོད་རྒུས་གཞོན་ནུ་ལོ་ཆུང་བདེ་ཐང་ངང་འཚར་ལོངས་ཡོང་བར་སྲུང་སྐྱོབ་བྱས་ཏེ་རྒྱ་ཆེའི་མང་ཚོགས་ཀྱིས་སྨན་རྫས་གང་བྱུང་དུ་སྤྱོད་རྒྱུར་འགོག་ཟོན་བྱེད་པར་ཁྲིད་སྟོན་བྱས་ཡོད་པ་རེད།
གཞན་ད་དུང་བྱེད་སྒོས་དུག་འགོག་བརྗོད་དོན་གཙོ་བོའི་གླུ་གཞས་འཁྲབ་སྟོན་དང་།སྙན་ངག་གྱེར་འདོན།བརྗོད་དོན་གཙོ་བོའི་སྒྲོག་འགྲེལ། སྤྲོ་དགའི་ལུས་རྩལ་དེ་བཞིན་ཤེས་བྱའི་དྲིས་ལན་སོགས་ཀྱི་ལྷུ་ཚིགས་བཀོད་སྒྲིག་བྱས་ཡོད།
བསྡོམས་རྩིས་བྱས་པར་གཞིགས་ན།ཐེངས་འདིའི་བྱེད་སྒོ་ཡིས་ཁྱོན་མང་ཚོགས2400ལྷག་ལ་དྲིལ་བསྒྲགས་སློབ་གསོ་བརྒྱབ་པ་དང་། དྲིལ་བསྒྲགས་དཔྱད་ཡིག8000ཙམ་དང་དྲིལ་བསྒྲགས་དངོས་པོ2000ལྷག་སྤྲད་ཡོད་པ་རེད།

